| | e-texts navigator
|
220a1 ཆུས་འཇིགས་པ་འམ། རླུང་གིས་འཇིགས་པ་འམ། འཇིགས་པ་ཐམས་ཅད་ཀྱི་ནང་ན་འདུག་ན་འདི་ཡིད་ལ་བྱའོ། །རླུང་ལས་གྱུར་པ་འམ། མཁྲིས་པ་ལས་གྱུར་པ་འམ། བད་ཀན་ལས་གྱུར་པ་འམ། འདུས་པ་ལས་གྱུར་པ་འམ།
220a2 གདོན་གྱིས་ཟིན་ཏམ། རིམས་ཀྱིས་བཏབ་པ་འམ། དུག་འཐུངས་སམ། ནད་ཐམས་ཅད་ཀྱི་ནང་ན་འདུག་ན་འདི་ཡིད་ལ་བྱའོ། །ན་མོ་བྷ་ག་བ་ཏེ། ཨིཊྚི་ཊྚཱ་ཡ། ཨིནྡྲ་གོ་མི་སི་ཀཱ་ཡ། ཨཱ་ཤ་ནེ། པཱ་ཤ་ནེ། པཱ་པ་ནི་ཀཱུ་ལེ། ཀ་པི་ལ་མིཏྟེ།
220a3 ཨི་ལེ་མིཏྟེ་སྭཱ་ཧཱ། གསང་སྔགས་ཀྱི་གཞི་རྣམས་གྲུབ་པར་གྱུར་ཅིག་།ནཱ་རཱ་ཡ་ནི། པཱ་རཱ་ཡ་ནི། ཧ་རི་ཏཱ་ལི། ཀུན་ཏཱ་ལི། ཨི་ལི་མི་སྟི། ཀི་ལི་ཏི་ལི་མི་སྟི་སྭཱ་ཧཱ། རིག་སྔགས་ཀྱི་གཞི་རྣམས་གྲུབ་པར་གྱུར་ཅིག་།ཧ་ཧ། ཧི་ཧི། ཧཱུ་ཧཱུ། ཁ་རཱ།
220a4 མ་རཱ། ཁ་ཧི། ཁ་ཧི། ཧཱུ~ཾ་ཧཱུ~ཾ། ཕཊ་ཕཊ་སྭཱ་ཧཱ། བདག་ལ་སྲུངས་ཤིག་།སྲུངས་ཤིག་།ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ལན་ཉི་ཤུ་རྩ་གཅིག་བརྗོད་དེ་གཏོར་མ་རི་མཐོན་པོ་ལ་བཏང་བར་བྱའོ། །དེས་ཐམས་ཅད་ཞི་ཞིང
220a5 བཟློག་པར་འགྱུར་རོ། །རྨ་བྱའི་སྙིང་པོ་རིག་པ་དང་བཅས་པ། རྫོགས་སྷོ།། །།
220a6 @#། །རྒྱ་གར་སྐད་དུ། ཨཱརྱ་ཨ་གྲ་པྲ་དཱི་པ་དྷཱ་ར་ཎཱི་བིདྱཱ་རཱ་ཛཱ། བོད་སྐད་དུ། འཕགས་པ་རིག་སྔགས་ཀྱི་རྒྱལ་མོ་སྒྲོན་མ་མཆོག་གི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད
220a7 བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱིས་ཀུན་དགའ་ར་བ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། ལྷ་དང་མི་འབུམ་ཕྲག་དུ
220a8 མ་དང་། བྱང་ཆུབ་སེམས་དཔའ་འབུམ་ཕྲག་དུ་མ་དང་། ཐབས་གཅིག་ཏུ་བཞུགས་ཏེ། ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། །སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་ཕྲག་སྟོང་འདས་པ་ན་འཇིག་རྟེན
iiif viewer powered by OpenSeadragon
219b - 220b