e-texts navigator
Collection
Volume
Page
Wylie

207a1 པོ་དང་། གྲུལ་བུམ་གྱི་གདོན་དང་། མངལ་ལས་སྐྱེས་པ་དང་། ལས་ལས་སྐྱེས་པ་དང་། འགྲོ་བ་དང་། གནས་པ་འདི་དག་དང་། སྡང་བ་གང་དག་བདག་ལ་འཚེ་བ་དང་། གདུག་པ་དེ་དག་ཐམས་ཅད། ས~ཾ་དྷ་ཡ་ས~ཾ་དྷ་ཡ། མ་རྡ་ཡ་མ་རྡ་ཡ།
207a2 ཤོ་ཥ་ཡ་ཤོ་ཥ་ཡ། ཏཱ་པ་ཡ་ཏཱ་པ་ཡ། ཨུཏ་ས་དྷ་ཡ་ཨུཏ་ས་དྷ་ཡ། ཧ་ན་ཧ་ན་བཛྲ་ན། ས་ར་ས་ར་དཎ་ཌེ་ན། མཱ་ར་ཡ་མཱ་ར་ཡ། ཁཀྐེ་ན། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། ཙཱུ~ཾ་ཙཱུ~ཾ་ཙཱུ~ཾ། དྲཱུ~ཾ་དྲཱུ~ཾ་དྲཱུ~ཾ། ཨུ0f00་ཙ་ལེ་ཙུ་ལེ་ཙུན་དེ་སརྦ་ཨརྠ་ས་དྷ་ཡ་སྭཱ་ཧཱ། བཅོམ་ལྡན་འདས
207a3 འཕགས་པ་ལྷ་མོ་སྐུལ་བྱེད་མའི་མཐུ་དང་བྱིན་གྱི་བརླབས་ཀྱིས་བདག་གནོད་པ་ཐམས་ཅད་ལས་དགེ་བར་གྱུར་ཅིག་སྭཱ་ཧཱ། འཕགས་པ་ལྷ་མོ་སྐུལ་བྱེད་མ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །།
207a4 @#། །རྒྱ་གར་སྐད་དུ། ཨཱརྱ་ཛ~ཾ་གུ་ལི་ནཱ་མ་བིདྱཱ། བོད་སྐད་དུ། འཕགས་པ་དུག་སེལ་ཅེས་བྱ་བའི་རིག་སྔགས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག
207a5 ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་སྔོན་བྱུང་བ་འདས་པའི
207a6 ཚེ། བྱང་ཆུབ་སེམས་དཔར་གྱུར་པ་ན། གངས་ཀྱི་རི་ཡི་བྱང་ངོས་ན། །སྤོས་ངད་ལྡན་པའི་རི་བོ་ལ། །རིའི་རྒྱལ་པོའི་སུལ་གནས་ཚེ། །གཞོན་ནུ་བསོད་ནམས་བརྒྱའི་མཚན། ། ན་ཡ་ཡི་ལྤགས་གྱོན་ལ། །སྦྲུལ་གྱིས་བརྒྱན་པའི
207a7 སྐ་རགས་ཅན། །གདུག་པའི་སྦྲུལ་གྱིས་མགོ་རྒྱན་བྱས། །མཐོང་ན་གདུག་པའི་རྣ་རྒྱན་ཅན། །དུག་གི་མེ་ཏོག་རྣམས་ཟ་ཞིང་། །མ་ལུ་ཏའི་ལྕུག་ཁུ་མཐུང་། །ང་ལ་དེ་འབོད་འབོད་དུ་འཇུག་།བུ་ཁྱོད་ཚུར་ཤོག་ང་ལས་ཉོན། །ང་ལ
207a8 དུག་སེལ་ཅེས་བྱ་བ། །དུག་འཇིགས་རིག་སྔགས་དམ་པ་ཡོད། །དུག་རྣམས་གང་ཡིན་དེ་ཀུན་ནི། །ང་ཡི་མིང་གིས་འཇིགས་པར་འགྱུར། །ཏདྱ་ཐཱ། ཨོཾ་ཨི་ལི་མིཏྟེ། ཏི་ལི་མིཏྟེ། ཨི་ལི་ཏི་ལི་མིཏྟེ། དུམྦེ། དུམ་བཱ་ལཱི་ཡེ། དུསྨེ། དུསྨ་ལི




iiif viewer powered by OpenSeadragon

206b - 207b

Texts on this page

J524 - 'phags pa lha mo skul byed ma zhes bya ba'i gzungs
J525 - 'phags pa dug sel zhes bya ba'i rig sngags