e-texts navigator
Collection
Volume
Page
Wylie

204b1 ཉལ་བའི་ཞབས། །མགོ་བོ་ལྷོར་བསྟན་གཞག་པར་བྱ། །ཆུ་ཤེལ་མ་མཐོང་བར་དུ་ནི། །ཉི་ཤུ་རྩ་གཅིག་སྔགས་བརྗོད་ནས། །མི་ཡི་རྡོ་རྗེའི་དར་གྱིས་བརྒྱན། །སྡང་བྱེད་ས་སྟེང་འདིར་མི་གནས། །ཀླུའི་གནས་སུ་གྲགས་པ་འམ། །ཆུའི་རྫིངས
204b2 ལ་སོགས་འགྲམ་དུ། །དཀྱིལ་འཁོར་བ་ཡི་རྣམ་ལྔས་བྱུགས། །པད་མ་དམར་པོའི་རི་མོ་ལ། །ལྟེ་བ་རྡོ་རྗེ་མཁའ་འགྲོ་མ། །གསེར་གྱི་མདོག་ཅན་ཐལ་མོ་སྦྱར། །ཀླུ་ཡི་གདེངས་ཀ་བདུན་ལྡན་པ། །ཟླ་བའི་དཀྱིལ་འཁོར་སྟེང་གནས་པ། །ཤིན་དུ
204b3 བལྟས་པས་གནས་པར་བྱ། །དགའ་བོ་ཉེར་དགའ་འཇོག་པོ་དང་། །མཐའ་ཡས་དུང་སྐྱོང་རིགས་ལྡན་གཟུགས། །པད་མ་པད་ཆེན་རྣམས་བྱས་ཏེ། །ཀར་དང་སེར་དང་ལྗང་བ་དང་། །དམར་དང་ལྗང་སྐྱ་སྔོ་སྐྱ་དང་། །དམར་སེར་ལྗང་སེར་འཛུམ་པའི་གཟུག་།གཙོ་ལ་ཐལ་མོ
204b4 སྦྱར་བཏུད་ནས། །རྒྱུ་སྐར་ཕྲེང་བ་དང་ལྡན་གནས། །འོ་མ་འབྲས་ཅན་མཁལ་ཞོ་ཤ་། པུས་ཀ་ཙ་ཏི་ལ་སོགས་སྨན། །ཁུར་བ་ཚོགས་བུ་དང་བཅས་པ། །རིན་ཆེན་སྣོད་དུ་དགྲམ་པར་བྱ། །གཟའ་དང་རྒྱུ་སྐར་རྣམས་དགའ་ཞིང་། །ཀླུ་རྣམས་བདེ་བའི
204b5 སེམས་ཐོབ་ཤོག་། ལྷ་རྣམས་ཡིད་ནི་མཉམ་བཞག་ནས། །སྙིང་རྗེའི་བློ་ཆེན་སྐྱེ་བར་ཤོག་།ལྷ་ཀླུ་གནོད་སྦྱིན་དྲི་ཟ་སོགས། །བྱང་ཆུབ་སེམས་ཆེན་དང་ལྡན་ནས། །ཐུགས་རྗེ་ཉེ་བར་དགོངས་ནས་ཀྱང་། །དུས་སུ་ཆར་ཆེན་འབབ་པར་ཤོག་།སྨོན
204b6 ལམ་དེ་ཡི་རྗེས་སུ་ནི། །གཟུངས་ཀྱི་ཕྲེང་བ་བརྒྱ་རྩ་བརྒྱད། །བརྗོད་པའི་དེ་མ་ཐག་དུ་ནི། །ཆར་གྱི་རྒྱུན་ཡང་འབབ་པར་འགྱུར། །གལ་ཏེ་ཅུང་ཟད་མི་འབབས་ན། །མེ་ལ་བསྡིགས་པ་ཙམ་གྱིས་ནི། །གློག་གི་ཕྲེང་བ་བཏོར་བྱེད་ན། །ཆར
204b7 ཆེན་འབེབས་ལ་ཐེ་ཚོམ་མེད། །ཝ་ཡི་ཁྲག་གིས་གྲོ་བ་ལ། །གོང་གི་འཁོར་ལོ་བསྐྲད་པ་ཡི། །ཐབས་དང་ལྡན་པར་བྲི་བྱས་ནས། །དུར་ཁྲོད་ས་ལས་བྱས་པ་ཡི། །རྔ་མོའི་སྙིང་གར་བཅུག་ནས་ཀྱང་། །རྐང་པ་གཡོན་པས་མནན
204b8 ནས་ནི། །ལྷོར་བལྟས་བཀའ་ཡི་སྦྱོར་བ་ཡི། །གསང་སྔགས་ཁྲི་ཕྲག་གཅིག་བརྗོད་ན། །བསྐྲད་པ་ཉིད་ལ་ཐེ་ཙོམ་མེད། །སྦྲུལ་དང་སྲེ་མོའི་ཁྲག་གིས་ནི། །རྟ་དང་མ་ཧེའི་ལྤགས་པ་ལ། །མཉམ་དུ་གཉིས་ཀྱི་གཟུགས་བྲི་ཏེ། །དབྱེ་བའི




iiif viewer powered by OpenSeadragon

204a - 205a

Texts on this page

J523 - 'phags ma rdo rje lu gu rgyud ma'i rgyud kyi rtog pa