e-texts navigator
Collection
Volume
Page
Wylie

203b1 ཀྱིས་ནི། །དམིགས་མེད་ཏིང་འཛིན་ཡིད་བརྟན་ཞིང་། །འདིས་ཀྱང་གནོད་པ་ལས་བསྲུང་འགྱུར། །ཕྱི་རོལ་སོགས་པ་ཀུན་སྤངས་ནས། །སྣང་བ་ཡིད་ཀྱིས་བསླབས་བྱས་ཏེ། །མི་སྣང་བ་ལ་མངོན་དམིགས་ནས། །བསྲུང་བ་རྣམས་ཀྱི་དམ་པ་བཤད། །དེ་ནས
203b2 གཞན་ཡང་སྦྱོར་བ་བཤད། །དུར་ཁྲོད་ལ་སོག་འཇིགས་གནས་སམ། །མཚོ་དང་མཚེའུ་དང་དགོན་གནས་དང་། །གནས་དང་སྐྱེ་མོས་ཚལ་ཆེན་དང་། །མེ་ཏོག་ཚལ་ལམ་ཡུལ་འཁོར་ལྗོངས། །ཆུ་ཡི་འགྲམ་འམ་ཤིང་གཅིག་གམ། །ཡང་ན
203b3 རང་གི་ཁྱིམ་ཉིད་དུ། །མཎྜལ་ལེགས་པར་བྱུགས་པ་ལ། །བརྟེན་ནས་ལྷ་ཡི་སྦྱོར་བ་སྒྲུབ། །རས་རིས་ལ་སོགས་མདུན་བྱས་ཏེ། །བདེ་བའི་སྟན་ལ་སྐྱིལ་ཀྲུང་གིས། །བསྡད་ནས་མཉམ་བཞག་བརྩམ་པར་བྱ། །ཐ་མལ་སྦྱངས་པའི་ལུས་ཀྱིས་ནི། །
203b4 ཐར་པ་ཆེན་པོ་ཐོབ་འགྱུར་ཏེ། །གཞན་དུ་དེ་ལྟར་མ་ཡིན་ནོ། །ས་གཞི་ཤིན་དུ་ཉམས་དགའ་ཞིང་། །ལེགས་པར་བཀོད་པའི་རི་བོ་ལ། །གནས་ཚལ་ཤིན་དུ་སྡུག་པ་ལ། །བསིལ་བའི་ཆུ་རྒྱུན་འབབས་པའི་ཕྱོགས། །རྣམ་བཀོད་མེ་ཏོག་ཚལ་གསེབ་ཏུ། །ཤར
203b5 དུ་སྒོ་བསྟན་ཁང་པ་ལ། །སྔགས་བཞི་མཚམས་བཅིངས་ཆོ་ག་ཡིས། །གསལ་ཁུང་དང་བཅས་བརྩིགས་པའི་ཕྱོགས། །སྙན་པའི་བྱ་ཡིས་སྒྲ་སྒྲོགས་ཤིང་། །དྲི་ཞིམ་སྤོས་ངད་ལྡན་པ་ལ། །དྲིལ་བུ་སིལ་སིལ་སྒྲ་སྙན་སྒྲོགས། །ལྡ་ལྡི་གོས་ཀྱི་ཕྲེང
203b6 བས་དཀྲིས། །ལྷག་པའི་འདུ་འཛི་རྣམ་སྤངས་ནས། །སྤྱོད་པ་འཐུན་པའི་གྲོགས་དང་ནི། །བདེ་བར་བྱང་ཆུབ་བསྒྲུབ་པར་བྱ། །འོན་ཀྱང་གནས་དང་གྲོགས་ལ་སོགས། །རྣམ་འབྱོར་ཡིད་འཇུག་ཕྱིར་བརྩམ་སྟེ། །མཐའ་དག་སྤངས་པའི་ཕ་རོལ་ན། །
203b7 ལྷག་པའི་བྱང་ཆུབ་མ་མཆིསོ། །བདེ་དང་སྡུག་སྔལ་སྣ་ཚོགས་རྣམས། །རང་གི་སེམས་ལས་འབྱུང་མོད་ཀྱི། །སེམས་རྟོག་མ་ལུས་སྤངས་བ་ལས། །ངས་ནི་ཆོས་གཞན་འགའ་མ་བཤད། །དེ་བས་སེམས་རྟོག་སྣ་ཚོགས
203b8 རྣམས། །སྤང་བར་བྱ་ཕྱིར་སྣ་ཚོག་ཐབས། །སྔགས་དང་ཕྱག་རྒྱ་ཏིང་འཛིན་དང་། །སྦྱོར་བ་རྒྱ་ཆེན་རྣམས་བཤད་དོ། །དྲག་པོ་བསྒྲུབ་པའི་ཐབས་འགའ་ནི། །རིག་པའི་ཁྲོ་མོས་མཉན་པར་གྱིས། །ས་བཞི་བདུད་རྩི་ལྔ་ཡི་བྱུགས། །




iiif viewer powered by OpenSeadragon

203a - 204a

Texts on this page

J523 - 'phags ma rdo rje lu gu rgyud ma'i rgyud kyi rtog pa