| | e-texts navigator
|
203a1 རང་སྙིང་ས་བོན་ལས་བྱུང་བའི། །གསང་སྔག་སྟོང་ཕྲག་བཟླས་བྱས་ནས། །གསེར་སོག་དྲིལ་ནས་ལུས་སམ་མགུལ། །བཏགས་ན་འཇིགས་པ་བརྒྱད་ལས་སྐྱོབ། །ཐམས་ཅད་དུ་ནི་བསྲུང་བར་ངེས། །ཡུངས་ཀར་བ་ཡི་རྣམ་ལྔ་དང་། །
203a2 དུར་བའི་སྙེ་མར་བཅས་པ་ལ། །གསང་སྔགས་སྟོང་ཕྲག་བཟླས་ནས་ནི། །རྒན་མོ་མིང་མེད་སྦྱོར་བ་ཡིས། །གནས་གསུམ་ཐིག་ལེ་བྱས་བསྲུང་ན། །ཚེ་ནི་སྟོང་ཕྲག་དུ་མར་འཕེལ། །ཀུ་ཤ་བ་མར་ཡུངས་ཀར་ཏིལ། །གསང་སྔགས་སྟོང་ཕྲག་བཟླས
203a3 བྱས་ཏེ། །ཤིས་པར་གྱུར་པའི་ཉི་མ་ལ། །མཆོད་རྟེན་སྤྱི་བོར་གདག་བྱས་ན། །འགོ་བའི་ནད་རྣམ་འཆད་པར་འགྱུར། །ཁྲག་དང་ཁྲོ་ཆུར་བཅས་པ་ལ། །གསང་སྔག་སྟོང་ཕྲག་གསུམ་བཟླས་ཏེ། །ཟླ་བ་གཟས་གཟུང་དུས་སུ་ནི། །ཉེ་བསྙེན་རྫོག
203a4 པར་བྱས་ནས་ནི། །རྫས་ནི་ཤིན་དུ་སྤ་བྱས་ཏེ། །ལྷ་ཚོག་གནོད་པ་གང་དམིགས་པའི། །སྙིང་གར་སྔགས་ནི་བསྣུན་བྱས་ན། །གང་དམིགས་བགེགས་ནི་རྣམ་པར་འཇིག་།རས་བལ་གསར་པར་གྱུར་པ་ལ། །ཤེས་རབ་མཚན་ལྡན་ཁྲུས་བྱས་ཏེ། །
203a5 ཤིས་པ་ཉི་མ་ལ་བཀལ་ནས། །བཅིངས་པའི་གྲངས་ཀྱིས་མདུད་བྱས་ཏེ། །སྟོང་ཕྲག་གཅིག་གིས་སྔགས་བཟླས་ནས། །ལུས་སམ་མགུལ་ལམ་སྤྱི་བོར་གདགས། །དེས་ནི་ཚེ་ལོ་སྟོང་ཕྲག་ཐུབ། །ཡང་ན་རང་ལུས་རྣམས་བསྒྲིབས་ནས། །ཆུ་ཡི་ཚོགས་ཀྱིས་དག་བྱས
203a6 ཏེ། །ཉི་ཤུ་རྩ་གཅིག་གྲངས་ལྡན་པར། །གཟུངས་ཀྱི་ཕྲེང་བ་བརྗོད་བྱས་ན། །གསེར་ཕྱག་ལག་ཏུ་མ་བླངས་ཤིང་། །བདེན་བྲལ་ཕྱི་རོལ་མ་སོང་བར། །གཞན་གྱི་འཇིགས་པ་མ་བསལ་ཞིང་། །ཚེ་ལོ་བརྒྱ་ནི་རྩ་བརྒྱད་པར། །རིམས་ནད་ཙམ་ཡང
203a7 མི་གནོད་དོ། །གོས་དང་ཟས་དང་སྣོད་སྤྱད་དང་། །སྨན་ལ་སོག་པའི་རྫས་རྣམས་ནི། །མི་འཁྲུག་རྒྱལ་པོའི་ཕྱག་རྒྱ་ཡིས། །བསྲུངས་ན་ཅིས་ཀྱང་མི་ཤོད་དེ། །སིང་ཆེན་རྔམ་པའི་སྟབས་ཀྱིས་ནི། །འུག་པའི་སྒྲ་གསུམ་བརྗོད་བྱས་ན། །ཕྱི་རོལ་རིག
203a8 སྔགས་སྟོང་ཕྲག་ནི། །དུ་མས་ཅིས་ཀྱང་མི་ཚུགས་སོ། །ཀླུའི་དབང་པོ་གནས་ལུགས་ཀྱིས། །རྩེ་གཅིག་རྡོ་རྗེའི་ཕྱག་རྒྱ་བཅས། །དེ་ནས་གསང་སྔག་གསུམ་བརྗོད་ན། །ནད་དང་གདོན་ལ་སོག་པ་སོལ། །རི་བོང་ནུ་མའི་མཚམ་བྱས་ནས། །ཧཱུ~ཾ་གིས་མནན་པའི་སྔགས
iiif viewer powered by OpenSeadragon
202b - 203b