e-texts navigator
Collection
Volume
Page
Wylie

202b1 ལོ་ནི། །རྩིབས་བཅུ་པད་མའི་སྟེང་དུ་བྲི། །མཐའ་ནས་མེའི་ཕྲེང་བས་བསྐོར། །པད་མའི་འདབ་མ་བཅུ་ལ་ནི། །ཕྱོག་བཅུ་ཀུན་དུ་བཅིང་བ་ཡི། །རྡོ་རྗེ་ལ་སོག་བཅུ་པོ་བྲི། །དེ་ཡི་རྒྱབ་ཏུ་ཕྱོགས་བཅུ་རྣམས། །བཅིང་བའི་སྔགས་ནི་རིམ་བཞིན་བྲི། །འཁོར་ལོའི་རྩིབ
202b2 རྣམས་བཅུ་པོ་ལ། །ཧཱུ~ཾ་གཉིས་བར་ཏུ་བསྒྲུབ་བྱའི་མིང་། །གསྲུང་བ་དང་བཅས་བྲི་བར་བྱ། །ཕྱོག་བཞིར་སྔགས་དང་ཕྱག་རྒྱ་དང་། །འཁྲུལ་འཁོར་གཅོད་དང་འཆིང་བ་དང་། །འགུག་པའི་སྔགསུ་བཅས་པ་བྲི། །གཞན་ཡང་མཚམས་རྣམས་དྲུག་པོར་ནི། །ལྷ་དང་ཀླུ་དང
202b3 ལྷ་མིན་གྱི། །གནོད་སྦྱིན་གྲུལ་བུམ་ལ་སོག་པ། །བཅིང་བ་དྲུག་པོ་བྲི་བར་བྱ། །ལྟེ་བར་བསྒྲུབ་བྱའི་གཟུགས་བརྙན་ནི། །སྐྱིལ་ཀྲུང་ཐུགས་ཀར་ཐལ་མོ་སྦྱར། །མཛེས་པའི་གོས་ལྡན་བྲི་བར་བྱ། །དེ་རྗེས་གསང་སྔགས་ཕྲེང་བ་ཉིད། །སྟོང་ཕྲག་གཅིག་ཏུ
202b4 བརྗོད་བྱས་ནས། །དེ་རྗེས་བསྟོད་པས་བསྟོད་བྱས་ཏེ། །གསེར་སོགས་དྲིལ་ནས་ལུས་སམ་མགུལ། །གང་བདེའི་གནས་སུ་གདགས་པར་བྱ། །དེས་ནི་རྣལ་འབྱོར་བསྲུང་དོན་དུ། །ཇི་ལྟར་བསམ་པ་ཀུན་འགྲུབ་སྟེ། །འཇིགས་པ་བརྒྱད་པོ་མེད
202b5 པར་བྱེད། །དེ་ནས་གཞན་ཡང་རྒྱལ་པོའི་རས། །གསར་ལ་ཙན་དན་ག་བུར་དང་། །དྲི་ཞིམ་རྣམས་ཀྱིས་བྱས་ནས་ནི། །རྒྱུ་སྐར་རྒྱལ་གྱི་ཉི་མ་ལ། །གུར་ཀུམ་ཀྱིས་ནི་འཁོར་ལོ་བྲི། །དབུས་སུ་པད་མ་འདབ་བརྒྱད་པའི། །ཕྱི་རོལ་མུ་ཁྱུད་གསུམ་ལྡན་པའི། །
202b6 པད་མའི་ལྟེ་བར་བསྒྲུབ་བྱའི་གཟུགས། །ཡན་ལག་རྡོ་རྗེས་མཚན་པ་བྲི། །དེ་ལ་སྙིང་པོའི་སྔགསྐྱི་བསྐོར། །དེ་རྗེས་ལྟེ་བའི་མུ་ཁྱུད་ལ། །སྟེང་འོག་བཅིང་བའི་སྔག་ཀྱིས་བྲི། །ཕྱོག་མཚམས་སྔགས་རྣམས་འདབ་མ་ལའོ། །ཕྱི་རོལ་མུ་ཁྱུད
202b7 དང་པོར་ནི། །རྩ་བའི་སྔགས་རིང་དགོད་པར་བྱ། །གཉིས་པར་འོད་ཀྱི་ར་བ་བྲི། །དྲི་ཞིམ་དཀྱིལ་འཁོར་སྟེང་བཞག་སྟེ། །རང་ཉིད་ལྷའི་སྦྱོར་རྫོགས་བྱ། །ཐུག་ཀའི་ས་བོན་འོད་ཀྱིས་ནི། །ནམ་མཁར་འཁོར་ལོ་སྦྱངས་བྱས་ཏེ། །ཡི་གེ་ཧཱུ~ཾ་གི
202b8 རྣམ་པར་བསམ། །དེ་ཡོངས་གྱུར་ལས་སྐུ་ཚོག་སྒོམ། །དེ་དབུས་ཤེས་རབ་རྣམ་པར་བསམ། །ཟླ་དབུས་སྟེང་དུ་ཧཱུ~ཾ་ལས་ནི། །འཁོར་ལོ་རྩིབས་ལྡན་བསྒོམ་པར་བྱ། །དེར་ནི་ཡི་གེའི་རྣམ་པ་ནི། །མར་མེ་ལྟ་བུ་གསལ་དམིགས་ལ། །མཁའ་འགྲོ་མ་དང་དབྱེར་མེད་བྱ། །




iiif viewer powered by OpenSeadragon

202a - 203a

Texts on this page

J523 - 'phags ma rdo rje lu gu rgyud ma'i rgyud kyi rtog pa