e-texts navigator
Collection
Volume
Page
Wylie

200b1 རྣམས་མ་ལུས་ཀུན། །བགྱིས་དང་བགྱིད་དུ་སྩལ་བ་དང་། །བགྱིད་ལ་རྗེསུ་ཡིད་རང་བ། །སྡིག་པའི་ཚོགས་རྣམས་མ་ལུས་ཀུན། །ཐམས་ཅད་སོ་སོར་བཤག་པར་བགྱི། །སླན་ཆད་མི་བགྱིད་སྡོམ་པ་ཡང་། །
200b2 བརྒྱ་ཆེན་བདགིས་གཟུང་བར་བྱ། །རྒྱལ་བ་སྲས་བཅས་མཛད་པ་དང་། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །རྒྱལ་དང་བྱང་ཆུབ་སེམས་དཔའ་དང་། །རིག་ལྡན་རྡོ་རྗེ་ལྷ་མོ་དང་། །སྔགས་རྒྱུད་རྒྱ་ཆེན་འཁོར
200b3 ལོ་ལ། །ཀུནས་དང་བས་སྐྱབསུ་མཆི། །མི་རྟོག་བློ་གྲོས་སྐྱེད་པའི་ཕྱིར། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །གདུལ་བྱ་ཇི་སྲིད་ཚིམ་པ་རུ། །མྱ་ངན་མི་འདའ་གསོལ་བ་འདེབས། །རྣམ་པ་ཀུན
200b4 གྱི་མཆོག་ལྡན་པའི། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །གདོད་ནས་ཇི་སྲིད་ད་ལྟ་ཡི། །བར་དུ་ལུས་འདིས་ཅི་མ་བྱས། །ད་ནི་སྲིད་པའི་རླུང་རྟོགས་ནས། །རང་གི་ལུས་འདི་དབུལ་བར་བགྱིས། །
200b5 ཐེག་ཆེན་བླ་ན་མེད་པ་ཡི། །ལམ་ཆེན་རྒྱ་མཚོ་གང་ཡིན་པ། །ཐེག་ཆེན་འབྲས་བུ་ཐོབ་བར་དུ། །རྒྱུན་མི་ཆད་པར་བསྟེན་པར་བྱ། །དེ་ལྟར་དད་སེམས་འདུན་བྱས་ཏེ། །བསོད་ནམས་རྒྱ་ཆེན་རྣཾས
200b6 བསགས་པའི། །དགེ་བ་བླ་ན་མེད་པ་དེ། །ཐཾད་བྱང་ཆུབ་ཕྱིར་སྔོའོ། །དང་པོ་བྱམས་པའི་འོད་ཟེར་གྱིས། །འགྲོ་རྣམས་བདེ་ལ་དགོད་པར་བྱ། །གཉིས་པ་སྙིང་རྗེའི་འོད་ཟེར་གྱིས། །འགྲོ་བ
200b7 སྡུག་བསྔལ་འབྲལ་སེམས་བསྐྱེད། །གསུམ་པ་དགའ་བས་བདེ་བ་ཐོབ། །བཞི་པ་ཆགས་བྲལ་བཏང་སྙོམ་སོ། །དེ་རྗེས་རགས་པའི་སྟོབས་སྤོང་ཞིང་། །བག་ཆགས་དྲི་མ་བསལ་ནས
200b8 ཀྱང་། །ནམཁའ་ལྟ་བུར་སྒྲུབ་བྱེད་པའི། །དེ་ནས་དག་པ་རྗེས་དྲན་བྱ། །ོཾ་སྭ་བྷཱ་བ་ཤུད་དྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུད་དྷོ་ཧཱུ~ཾ། །དེ་ཡི་དག་པར་བྱས་ནས་ནི། །སྟོང་ཉིད་རྗེསུ་བསྒོམ་པར་བྱ། །ོཾ་ཤཱུ




iiif viewer powered by OpenSeadragon

200a - 201a

Texts on this page

J523 - 'phags ma rdo rje lu gu rgyud ma'i rgyud kyi rtog pa