e-texts navigator
Collection
Volume
Page
Wylie

199b1 རྒྱས་པ་སྟོབས་སྐྱེས་བཀྲ་ཤིས་ཀྱིས། །ལྷ་མོས་ཧཱུ~ཾ་བརྗོད་ཙམ་ཉིད་ལས། །ནམ་མཁའི་ཁཾས་སུ་གྲགས་པར་འགྱུར། །བདེ་ཆེན་ཡེ་ཤེས་མངའ་བདག་ཉིད། །རྡོ་རྗེ་ཞེས་པའི་མཚན་ལྡན་པའི། །ལྷ་མོ་ལུ་གུ་བརྒྱུད་མ་ལ། །
199b2 བདག་ཅན་རྣམས་ཀྱིས་གུས་པར་འདུད། །སྐུ་ཡི་འོད་ཟེར་སྣ་ཚོགས་ཀྱིས། །འགྲོ་བའི་ཉོན་མོངས་སེལ་བྱེད་པའི། །འོད་ཀྱིས་བདག་ལ་བདེ་བ་སྐྱེས། །ལྷ་མོ་བདེ་བ་ཁྱོད་ཕྱག་འཚལ། །སྟོང་ཉིད་སྨོན་བྱེད་མཚན་མ་བྲལ། །
199b3 རྒྱལ་བ་ཀུན་གྱི་རིག་པ་ལས། །ཡ་མཚན་ལྷ་མོའི་རང་བཞིན་ཐུགས། །མི་རྟོག་རང་བཞིན་ཕྱག་འཚལོ། །དེ་རྗེས་རྒྱལ་བ་ཀུན་འདུས་པའི། །གཟུགས་སོགས་རིག་པའི་ལྷ་མོ་ཡིས། །འཁོར་ལོ་འདི་ལ་ལེགས་མཆོད་ནས། །
199b4 མགྲིན་གཅིག་ཏུ་ནི་འདུས་ནསུ། །སངས་རྒྱས་རྣཾས་ཀྱིས་གསུངས་པ་ཡིས། །རྡོ་རྗེའི་ཚིགས་གིས་བསྟོད་པར་བྱེད། །རྡོ་རྗེ་ནཾཁའ་ལས་བྱུང་བའི། །སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ། །སྤྲོས་བྲལ་ནཾཁའི་རང
199b5 བཞིན་གསལ། །རྡོ་རྗེ་ཐུགས་ལ་ཕྱག་འཚལོ། །རྡོ་རྗེ་གཟུགས་ཀྱི་སྒྲ་ཡིས་ནི། །ལྷ་སོགས་མ་ལུས་རྣཾས་འཆིང་མཛད། །བདུད་རྣཾས་ཚར་གཅོད་རྡོ་རྗེ་སྒྲ། །ནམཁའི་གསུང་ལ་ཕྱག་འཚལོ། །འགྲོ་དྲུག་བདུད་འཇོམ
199b6 ཞལ་དྲུག་མ། །ཕྱི་ནང་རྟེན་འབྲེལ་དག་ཕྱིར་ཕྱག་།སྒེག་ཅིང་ཅུང་ཟད་འཇིགས་པར་བྱེད། །རྡོ་རྗེའི་སྐུ་ལ་ཕྱག་འཚལོ། །དེ་སྐད་རྡོ་རྗེ་ལྷ་མོ་ལ། །ལྷ་ལ་སོགས་པ་ཐཾད་ཀྱིས། །རྨད་བྱུང་བསྟོད་པའི་རྒྱལ་པོ་དེས། །བསྟོད
199b7 པའི་དེ་མ་ཐག་ཏུ་ནི། །ལྷ་མོ་གཟི་མདངས་ཆེར་སྐྱེས་ནས། །རང་གི་སྙིང་པོ་འདི་གསུངས་སོ། །ོཾ་བཛྲ་ཤྲིཾ་ཁཱ་ལེ་ཧཱུ~ཾ་ཧཱུ~ཾ་ཕཊ་སྭཱ་ཧཱ། རིག་པ་གཟུངས་ཀྱི་ཕྲེང་བ་འམ། །གསང་སྔགས་འདི་ཉིད་བཤད་ཙམ་གྱིས། །རིམས་དང
199b8 ཤུ་བ་གཡན་པ་དང་། །ལྷོག་པ་ཤ་བཀྲ་མཛེ་ནད་འབྲས། །ཀླད་ནད་མིག་ནད་རྣ་ནད་དང་། །ལྐོག་ནད་གློ་མཆིན་ནད་རྣམས་དང་། །རྒྱུ་གཟེར་སྙིང་ནད་ཁལ་ནད་དང་། །རྐང་ལག་ནད་དང་ཁྱབ་པར་ན། །ཆུ་སེར་ནད་དང




iiif viewer powered by OpenSeadragon

199a - 200a

Texts on this page

J523 - 'phags ma rdo rje lu gu rgyud ma'i rgyud kyi rtog pa