e-texts navigator
Collection
Volume
Page
Wylie

196a1 དམར་པོ་གཡས་ནག་པོ། གཡོན་དཀར་པོ་ཅུང་ཞིག་ཁྲོ་བ་དང་བཅས་ཤིང་མཆེ་གཙིགས་པའི་ཞལ་ལོ། །གཡོན་པ་སེར་པོ་ཅུང་ཞིག་བཞད་པའི་ཞལ་སངས་རྒྱས་ཀྱི་ཞལ་གཡོན་པའོ། །སྟེང་དུ་ནི་འཕགས་པའི་ཞལ་ལོ། །གཡས་ན་ནི་མདུང་ཐུང
196a2 དང་རྡོ་རྗེ་དང་མདའ་དང་། དབྱུག་པ་དང་། དགྲ་སྟ་དང་། རལ་གྲི་བསྣཾས་པའོ། །གཡོན་གྱི་དང་པོ་ན་སྡིག་འཛུབ་དང་། མྱ་ངན་མེད་ཀྱི་ཡལ་ག་དང་ཁ་ཊྭཱ~ཾ་ག་དང་ཐོད་པ་དང་རྩེ་གསུཾ་དང་མི་མགོ་ཆུང་བའོ། །དགུག་པ་ལ་ནི་དཀར་པོ་ཕྱག་བཞི་པ། ཞལ་གསུམ་གཡས
196a3 ན་ལྕག་ཀྱུ་དང་མདའ་གཡོན་ན་ཞགས་པ་དང་ཐོད་པའོ། །དབུ་མ་ནི་གསེར་ལྟ་བུའི་མདོག་གཡས་པ་ནི་གནག་པ། གཡོན་དམར་བ་ཕན་ཚུན་ཐུན་པར་བྱེད་པའི་དུསུ་ཞལ་གཉིས་ནི་ནག་པོ་སྟེ་རྟ་དང་ཕག་གི་ཞལ་ལོ། །གཡས་ན་རལ་གྲི་དང་རྩེ་གསུཾ་རྡོ་རྗེའོ་གཡོན
196a4 ན་ཡི་དགས་དང་ཐོད་པའོ། །དེ་ལྟར་གཉིས་ཀ་ཡང་ཏེ་གཞན་གྱི་རིག་སྔགས་བཅོད་པ་ནི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་མྱ་ངན་མེད་ཀྱི་སྡོང་པོ་ལ་བརྟེན་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། མ་ས་ཙིཏྟེ། བ་ཏྲཱ་ཡེ། ཧྲྀ་ད་ཡ་བརྟྟ་བྱ་བ་མེ། ཏདྱ་ཐཱ། བ་ཏཱ་ལི། བ་དཱ་ལི། བ་རཱ་ལི། བ་རཱ་ཧ་མུ་ཁི། སརྦ་དུ
196a5 ཥྚཱ་ནཱ~ཾ། ཙཀྵུརྨུ་ཁ~ཾ། བནྡྷ་བནྡྷ། ཛམྦྷ་ཡ་ཛམྦྷ་ཡ། སྟམྦྷ་ཡ་སྟམྦྷ་ཡ། མོ་ཧ་ཡ་མོ་ཧ་ཡ། ཧྲིཿཧཱུ~ཾ་ཕཊ་སྭཱ་ཧཱ། མའི་ཡི་གེ་ལས་ཁ་རུ་ཟླུམ་པོ་ཉི་མའི་དཀྱིལ་འཁོར་རོ། །སའི་ཡི་གེ་ལས་མགོ་བོ་དང་རྒྱབ་དུ་ཟླ་བའི་དཀྱིལ་འཁོར་རོ། །ཙའི་ཡི་གེ་སྙིང་གར
196a6 སྒོམ་པར་བྱའོ། །བ་ཏཱ་ལི་ནི་དཔུང་པ་གཡས་པ་ལའོ། །བ་དཱ་ལི་ནི་གཡོན་པའི་དཔུང་པ་ལའོ། །བ་རཱ་ལི་ནི་གཡས་པའི་པུས་མོ་ལའོ། །བ་རཱ་ཧཱ་མུ་ཁི་ནི་གཡོན་པའི་པུས་མོ་ལའོ། །སརྦ་དུཥྚ་ནཱ~ཾ་ཙཀྵུ་རྨུ་ཁ~ཾ་བནྡྷ་བནྡྷ་ནི་གཡས་ཀྱི་གཞོགས་ལའོ། །ཛམྦྷ་ཡ་ཛམྦྷ་ཡ
196a7 ཡང་རྒྱབ་ཏུའོ། །སྟམྦྷ་ཡ་སྟམྦྷ་ཡ་ནི་གཡོན་པའི་གཞོགས་ལའོ། །མོ་ཧ་ཡ་མོ་ཧ་ཡ་ནི་ནུ་མ་གཉིས་ཀྱི་བར་ལའོ། །ཧྲིཿནི་ཡན་ལག་ཐམས་ཅད་ལ་དགོད་དོ། །ཧཱུ~ཾ་ནི་གསལ་བར་བྱས་པའོ། །ཕཊ་ནི་ལོང་བར་བྱེད་པའོ། །སྭཱ་ཧཱ་ནི་ཚིམ་པར་བྱེད་པའོ། །ཐལ
196a8 མོ་མཉམ་པར་བྱས་ལ་བསྡིགས་མཛུབ་གཉིས་ཀྱི་མཐེ་བོང་གཉིས་ཀྱི་བར་དུ་བཞག་པ་ནི་ཡན་ལག་གི་ཕྱག་རྒྱ་སྟེ་འདི་ཡིས་ཡན་ལག་ཐ~ཾད་ལ་ཆོ་ག་བྱའོ། །འོད་ཟེར་ཅན་འབྱུང་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས་མཆོག་ཏུ་ཤིན་དུ




iiif viewer powered by OpenSeadragon

195b - 196b

Texts on this page

J521(b) - 'phags ma 'od zer can gyi dkyil 'khor gyi cho ga 'od zer can 'byung ba'i rgyud stong phrag bcu gnyis pa las phyung ba'i rtog pa'i snying po bdun brgya pa zhes bya ba