| | e-texts navigator
|
195a1 འཁོར་ལོ་བྲིས་ལ་འོག་ཏུ་ཀླུའི་རྒྱལ་པོའི་གཟུགས་གྲོག་མཁར་གྱི་སས་བྱས་ལ་དྲི་ཞིམ་པོའི་པད་མ་འདབ་མ་བརྒྱད་པའི་རྫིངས་བུར་བཞག་ལ། ཀ་ར་བཱི་ར་དང་ནཱ་ག་པུས་པའི་མཆོད་པ་བྱའོ། །ནཱ་ག་པུས་པའི
195a2 པ་ཧཡེ་མ་དང་གུ་གུལ་གྱི་བདུག་སྤོས་བསྲེས་སྟོབས་པོ་ཆེའི་རྣལ་འབྱོར་གྱིས་གནས་ལ་བསྒྲུབ་བྱའི་སྔགས་ཀྱི་ཡི་གེ་མུའི་མཐའ་ཅན་དུ་བཟླས་ཤིང་ཤིང་ལེབ་དེ་ཉིད་བཟུང་ཞིང་བཅོམ་ལྡན་འདས་མ་འོ་མའི་མཚོར་གཤེགས
195a3 པར་བསམ་ན་འཕྲལ་དུ་ཆར་འབེབས་སོ། །ཡང་ན་གལ་ཏེ་ཆར་མི་འབེབ་ན་དེའི་ཚེ་བཅྡོཾས་མ་ལ་བློ་དང་ལྡན་པས་གཏུམ་པོའི་ས་བོན་གྱི་བསྣུན་པར་བྱའོ། །རིངས་པ་ལ་ནི་ཁ་འོག་ཏུ་བལྟས་ལ་བཞག་སྟེ་ཐལ་བར
195a4 བསྣུན་པར་བྱའོ། །ཕན་ཚུན་དུ་འཐུན་པར་བྱའི་སྦྱོར་བ་ནི་མ་ཏམ་གའི་རས་ལ་དུར་ཁྲོད་ཀྱི་སོལ་བ་དང་ཀུ་ཤའི་ཁུ་བས་འཁོར་ལོ་བྲིས་ལ་རྐང་པ་གཡོན་པས་མནན་ཏེ་སྐུད་པ་དང་ལྕག་ཀྱུ་བཟུང་བའི་བརྡ་མཆོག
195a5 གིས་རྣལ་འབྱོར་གྱི་ས་ལ་དྲུད་པར་བྱའོ། །གཞན་ཡང་རིག་སྔགས་བཅོད་པ་ནི་ཐུན་མོང་གི་རས་ལ་ཆུ་ཤིང་གི་ལོ་མའི་ཁུ་བས་ཆུས་ཁྱེར་བའི་ཤིང་གི་སྨྱུག་གུས་འཁོར་ལོ་བྲིས་ལ་གཅེར་བུ་སྐྲ་གྲོལ་བ་ཞི་བའི་གནས་སུ་འཁོར་ལོ
195a6 བསྒྱུར་བ་ལྟ་བུའི་གོ་འཕང་གི་རྒྱལ་མཚན་གྱི་མགོ་ལ་བཞུགས་སུ་གསོལ་ལོ། །བཅིངས་པ་ལ་ནི་ས་ལ་སོགས་པ་ལ་བསྒྲུབ་པ་བྱས་ལ། ཞི་བའི་གནས་སུ་དཀྱིལ་འཁོར་གྲུ་གསུམ་པའི་དབུསུ་བྱི་ལའི་ཁྲག་གིས་འཁོར་ལོ་བྲིས་ལ་དེའི
195a7 ནང་དུ་བཅུག་ཏེ་མ་མོའི་ཁང་པར་སྦས་ན་ཕན་ཚུན་འབྱེ་ཞིང་མི་མཐུན་པ་ཆེན་པོར་འགྱུར་རོ། །རྨོངས་པར་བྱ་བ་ལ་ནི་ཐོད་ལོ་སྐོར་གྱིས་དབྱུག་པ་ལ་དུག་གིས་སྦྲུལ་བྲིས་ཏེ་སྦྲུལ་མགོ་གསུཾ་པ་གཡོན་པའི་ལག་པས་བཟུང་ནས་མདུན་དུ
195a8 དགྲ་ལ་བསྡིགས་པ། ཟླ་བ་དང་ཉི་མ་གཉིས་ལན་ཉི་ཤུ་ཙ་གཅིག་ཏུ་གཡས་སྐོར་དུ་སྒོམ་པར་བྱའོ། །སྤེལ་ཚིག་དང་བཅས་པའི་སྔགས་བཟླས་སྟེ་དབྱུག་པའི་སྟེང་གི་རྩེ་མོ་ལ་རྡོ་རྗེ་རྩེ་གསུཾ་པ། འོག་གི་རྩེ་མོ་ལ་རྡོ་རྗེ་རྩེ་ཅིག་པ་བྱས་ན་རྐུན་མ
iiif viewer powered by OpenSeadragon
194b - 195b