| | e-texts navigator
|
194b1 རྗེ་གཤེད་ཀྱི་སྔགས་ཀྱི་རྣལ་འབྱོར་གྱི་བཟླས་པ་དྲན་ན་དཔག་ཚད་བརྒྱ་ཡིན་ཡང་མི་གནས་སོ། །དབྱེ་བ་ནི་གོས་དེ་ལ་འུག་པའི་སྒྲོའི་སྨྱུག་གུས་དེ་ཉིད་ཀྱི་སོལ་བས་འཁོར་ལོ་ལ་སོགས་པ་བྲིས་ལ་ཆུ་ངོགས་གཉིས
194b2 ཀྱི་ལྷོའི་ཕྱོགས་ཀྱི་ས་བླངས་ལ་བསྒྲུབ་བྱའི་གཟུགས་བརྙན་བྱས་ལ་དེའི་ནང་དུ་བཅུག་ཏེ། དེ་ནས་གཉིས་རྒྱབ་སྤྲད་ལ་སྐྲའི་ཐེ་གུ་དཀྲི་བར་བྱའོ། །དུར་ཁྲོད་དུ་བཞག་ལ་དེའི་སྟེང་དུ་ལྕི་བའི་ཉལ་ཉིལ་ལ་དུར་ཁྲོད་ཀྱི་ཤིང་གི་མེས་སྲོ
194b3 ཞིང་གདུང་བར་བྱས་ན་དེ་མ་ཐག་ཏུ་འཕྲོག་བྱེད་དང་ཆུང་མ་ཡང་འབྱེད་པར་བྱེད་ན་ས་གཞིའི་སྐྱེ་བོའི་བུད་མེད་ལྟ་སྨོས་ཀྱང་ཅི་དགོས། རེངས་པར་བྱེད་ན་གོས་དེ་ཉིད་ལ་ཡུང་བས་བྲིས་ལ་ཁུ་བ་སེར་པོ་ལ་བྱས་པའི་རྗེ་བཙུན་མའི
194b4 ལྟོ་བར་དེ་ལས་བྱས་པའི་བསྒྲུབ་བྱའི་གཟུགས་བརྙན་བཅུག་སྟེ་མེ་ཏོག་སེར་པོས་མཆོད་ན་ཞག་བདུན་གྱི་དགྲ་ཆེན་པོ་ཡང་རེངས་པར་བྱེད་དོ། །གཞན་གྱི་དཔུང་རེངས་པར་བྱེད་ན་དེ་གཉིས་ཀྱི་གོས་ལ་བྱི་བའི་ཁྲག་གི་ཡལ
194b5 ག་བདུན་གྱི་སྨྱུག་གུས་དྲིས་ལ་དེ་ལ་ཕྱུགས་ཀྱི་རྭས་བཏོན་པའི་ས་དང་། ལམ་བཞི་མདོའི་ས་དང་། རྒྱལ་པོའི་སྒོའི་ས་དང་། ཆུ་ཀླུང་གི་ངོགས་གཉིས་ཀྱི་ས་ལས་ཚོགས་བདག་བྱས་ཏེ། དེའི་ལྟོ་བར་བཅུག་ནས་ལམ་གྱི་བཞི་མདོར
194b6 བརྐོས་ཏེ་སྦས་ལ་ཁམས་གསུམ་རྣམ་པར་རྒྱལ་བའི་རྣལ་འབྱོར་གྱི་སྔགས་འདི་བཟླས་པར་བྱའོ། །དགུག་པ་ནི་བུད་མེད་ཀྱི་ཐོད་པ་ལ་གིའུ་ཝང་དང་ཕག་པའི་ཚིལ་བྱ་མཆིལ་པིའི་ཤོག་པའི་སྨྱུག་གུས་བྲིས་ལ་ས་ལ
194b7 མ་ལྷུང་བའི་ལྕི་བས་དཀྱིལ་འཁོར་བྱས་ལ་སྐྲའི་ཐེ་གུ་ལྡན་པས་དེར་བཞག་ན་འགུག་པར་བྱེད་དོ། །སྐུལ་ཚིག་དང་བཅས་པས་བཟླས་བརྗོད་བྱའོ། །རིལ་པོས་འགུག་པ་ལ་ནི་དེ་ཁོ་ན་བཞིན་དུ་བྲིས་ལ་དེའི་སྟེང་ཏུ་སེང
194b8 ལྡེང་གི་མེ་ལ་གདུང་བར་བྱས་ན་དཔག་ཚད་བརྒྱ་ན་གནས་ཀྱང་འགུགས་སོ། །སྐྱེས་པ་ནི་དེ་ཉིད་ཀྱི་ཐོད་པ་ལ་སྔོན་བཞིན་དུ་བྱའོ། །ཆར་མེད་པའི་དུསུ་ཨུ་དུམ་བ་རའི་ཤིང་ལེབ་ལ་ཙན་དན་དཀར་པོ་ལ་རྨ་བྱའི་སྒྲོའི་སྨྱུག་གུས
iiif viewer powered by OpenSeadragon
194a - 195a