e-texts navigator
Collection
Volume
Page
Wylie

176b1 རྣམ་པར་རྒྱལ་བའི་བུམ་པ་ལ་བརྒྱད་བརྒྱ་སྔགས་ཏེ། སྨན་ཆེན་པོ་ལྔ་དང་རིན་པོ་ཆེ་སྣ་ལྔ་དང་། གོས་ལ་སྟེ་དཀར་པོ་དང་། སེར་པོ་དང་དམར་པོ་དང་ལྗང་ཁུ་དང་སྔོན་པོས་བརྒྱན་ཅིང་གཞག་གོ། མེད་ན་ཡང་རས་ཡུག་ཟུང་གཅིག་གི་བྱ་ཞིང་བླ་རེ་བརྐྱང་བ་ཉིད་དང་། སྣ་ཚོགས
176b2 པའི་རྒྱལ་མཚན་ལ་མེ་ཏོག་གི་ཕྲེང་བས་སྤྱངས་ཏེ་དྲི་ཞིམ་པོའི་བདུག་སྤོས་ཀྱིས་བདུགས་ལ་སློབ་མ་དེ་རུ་བཞག་པར་བྱའོ། །གོས་ཟུང་གི་གདོང་དཀྲིས་ལ་དེ་ནས་མགོ་ལ་ཐོད་ཀྱི་རྣམ་པ་ཡོངསུ་བཅིང་ལ་ཙན་དན་ཀྱི་ཡན་ལག་བྱུགས་ཅིང་མེ་ཏོག་གི་ཕྲེང་བས་བརྒྱན་ཏེ་དབང
176b3 བསྐུར་བར་བྱའོ། །ཱ+ོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཉེ་བར་མཁོ་བ་རྣམས་ལ་མངོན་དུ་སྔགས་པ་བྱས་ལ་དེ་ནས་དབུས་སུ་མིང་ལྷ་མོ་འོད་ཟེར་ཅན་ཞེས་བྱ་བ་འཛམ་བུའི་ཆུ་བོའི་གསེར་ལྟ་བུའི་འོད་བྱེ་བ་ལྟ་བུའི་སེར་མོ། སྐུ་ལ་གོས་སྔོན་པོ་འཆང་ཞིང་ཤང་འགག་དང་སྟོད
176b4 གཡོགས་སྔོན་པོ། སྣ་ཚོགས་པའི་གདུ་བུ་ལ་སོག་པ་རྒྱན་ཐམས་ཅད་ཀྱིས་ཡོངསུ་བརྒྱན་པ་དབུས་སུ་དགོད་དེ། ཕྱག་དྲུག་པ་ཞལ་གསུམ་པ། སྤྱན་གསུམ་པ། ཕག་པ་ལ་ཞོན་པ་མཆོད་རྟེན་སྤྱི་བོར་སྐྱེས་པའི་མགོ་སྐྱེས་ཅན་ཕྱག་གཡོན་པ་ན་གཞུ་དང་། སྐུད
176b5 པ་དང་མྱ་ངན་མེད་པའི་ཡལ་ག་བསྣམས་མ། ཕྱག་གཡས་པ་ན་མདའ་དང་། རྡོ་རྗེ་དང་། ཁབ་བསྣམས་པའི་ཕྱག་ཅན་མཆོད་རྟེན་གྱི་ཁོངས་སུ་གཡས་བརྐྱང་བའི་ཞབས་ཀྱིས་བཞུགས་པའོ། །ུ0f00་ཨརྐྐ་མ་སི་སྭཱ་ཧཱ་ཞེས་བྱ་བ་ནི་ཤར་ཕྱོགས་སུ་དགོད
176b6 དོ། །བརྒྱན་ཐམས་ཅད་ཀྱིས་བརྒྱན་པ། འཆར་ཀའི་ཉི་མ་ལྟ་བུ་གཞོན་ནུ་མ་ལང་ཚོ་ལ་བབ་པ། སྔོན་པོའི་ཤང་འགག་ཡོད་པ། ཁབ་དང་སྐུད་པའི་ཕྱག་གིས་ཁ་དང་མིག་དྲུབ་པའི་ཕྱག་གཉིས་པའོ། །ལྷོ་ཕྱོགས་སུ་གནས་པའི་ལྷ་མོ་ནི་ཨུ0f00་མརྐ
176b7 མ་སི་སྭཱ་ཧཱ་ཞེས་བྱ་བ་ནི་དགེའུ་རི་གསེར་གྱི་མདོག་ཅན་གཞོན་ནུ་མའི་རྣམ་པ་འཆང་གོས་སྔོན་པོ་དང་། ཤང་འགག་སྔོན་པོ་དང་སྟོད་གཡོགས་སྔོན་པོ་ཅན། མྱ་ངན་མེད་པའི་ཡལ་ག་དང་། ཁབ་དང་སྐུད་པ་བསྣམ་པའི་ཕྱག་གཉིས་པ།
176b8 རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲི་བར་བྱ་བ་ནི་ལྷོ་ཕྱོགས་ཀྱི་ལྷ་མོའོ། །ུ0f00་ཨནྟརྡྷཱ+ེ་ན་མ་སི་ཞེས་བྱ་བ་ནི་ནུབ་ཕྱོགས་སུ་གནས་པའི་ལྷ་མོའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གཞོན་ནུ་མ་ཞགས་པ་དང་། མྱ་ངན




iiif viewer powered by OpenSeadragon

176a - 177a

Texts on this page

J521(b) - 'phags ma 'od zer can gyi dkyil 'khor gyi cho ga 'od zer can 'byung ba'i rgyud stong phrag bcu gnyis pa las phyung ba'i rtog pa'i snying po bdun brgya pa zhes bya ba