| | e-texts navigator
|
7a1 འདུག་ལ། ཅང་མི་སྨྲ་བར་འབུམ་ཕྲག་གཅིག་བཟླས་ན་གྲུབ་པར་འགྱུར་ཏེ་འཇིག་རྟེན་གསུམ་གྱི་སྤྱོད་པ་ཡང་སྟོན་པར་འགྱུར་རོ། །ཡང་ན་ལེགས་པར་ཁྲུས་བྱས་ལ་གོས་གཙང་མ་བགོས་ཏེ་དབེན་པར་འདུག་ལ་ཁྲི་བཟླས་པས་གྲུབ་པར
7a2 འགྱུར་རོ། །རྒོངས་ཉལ་ཀར་རུ་རྟ་ལ་བརྒྱ་རྩ་བརྒྱད་མངོན་པར་བཟླས་ནས་གདོང་དང་རྐང་པ་གཉིས་བཀྲུས་ན། རྨི་ལམ་དུ་དགེ་བ་དང་མི་དགེ་བ་རྣམ་པར་སྟོན་པར་འགྱུར་རོ། །ོཾ་ན་མཿསཔ་ཏཱ་ནཱཾ། སམྱ་ཀ་སཾ་བུད་དྷ།
7a3 ཀོ་ཊཱི་ནཱཾ། ཏདྱ་ཐཱ། ཨོཾ་ཙ་ལེ་ཙུ་ལེ། ཙུན་དེ་སྭཱ་ཧཱ། བི་རྱ་ས་ཏྱ་པཱ་དི་ནི་པ་ར་དེ་ག་ཐ་ཡ་སྭཱ་ཧཱ། གོང་དུ་བཤད་པའི་ཆོ་གས་མེ་ལོང་ངམ་རལ་གྲི་འམ་མར་མེ་འམ་ཆུ་སྣོད་ལ་སྟོན་པར་བྱེད་དོ། །ལན་བརྒྱ་རྩ་བརྒྱད་མངོན་པར
7a4 སྔགས་པའི་ཆུས་གདོང་བཀྲུས་ལ་མི་སྨྲ་བས་ཉལ་ན་རྨི་ལམ་དུ་དགེ་བ་དང་མི་དགེ་བ་སྟོན་པར་འགྱུར་རོ། །ོཾ་མུ་ཙི་ལི་སྭཱཧཱ། མོ་ཧ་ནི་སྭཱ་ཧཱ། དན་ཏི་ལི་སྭཱཧཱ། གསང་སྔགས་འདི་ཁྲི་བཟླས་ན་གྲུབ་པར་འགྱུར་རོ། །བཅོམ
7a5 ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ལན་བརྒྱ་རྩ་བརྒྱད་མངོན་པར་སྔགས་པའི་ཆུས་གདོང་བཀྲུས་ཏེ། དགོས་པ་ཡིད་ལ་བྱེད་པའི་བཟླས་པས་མི་སྨྲ་བར་ཉལ་ན
7a6 བཅོམ་ལྡན་འདས་རང་གི་གཟུགས་སུ་མཐོང་བར་འགྱུར་ཞིང་དགེ་བ་དང་མི་དགེ་བ་རྨི་ལམ་དུ་དམིགས་པར་འགྱུར་རོ། །ོཾ་པྲ་ཛྭ་ལ་ཧཱུ~ཾ་ཕཊ། བཅོམ་ལྡན་འདས་འཇིག་རྟེན་མགོན་པོའི་སྙིང་པོ་འདི་ལན་འབུམ
7a7 ཕྲག་བཅུ་བཟླས་ན་འགྲུབ་པར་འགྱུར་རོ། །གོང་དུ་སྨོས་པའི་ཆོ་གས་དགེ་བ་དང་མི་དགེ་བ་རྨི་ལམ་དུ་སྟོན་པར་འགྱུར་རོ། །ོཾ་ན་མཿ་ས་མན་ཏ་བུད་དྷ་ནཱ~ཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱ~ཾ། ཏདྱ་ཐཱ། ཀུ་མཱ་ར་རུ
7a8 པི་ཎ~ཾ་དར་ཤ་ཡ། ཨཱཏ་མཱན། བི་བྷུ་ཥི་ཏ་མེད་པར་བེ་བྷཱུ་ཏིཾ་ཥི་ཏ་ས་མུད་བྷཱ་བ་ཡ། སྭ་པ་ནཱཾ་ནི་བེ་ད་ཡ། ཡ་ཐཱ་བྷཱུ་ཏ~ཾ་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ་སྭཱ་ཧཱ། རྗེ་བཙུན་འཇམ་དཔལ་གཞོན་ནུའི་བྲིས་སྐུའམ་ལུགས
iiif viewer powered by OpenSeadragon
6b - 7b