e-texts navigator
Collection
Volume
Page
Wylie

166a1 གདུག་པ་སེལ་བའི་ལམ་དུ་བསྒོམ། །དེ་ནས་ཁམས་གསུམ་རྣམ་རྒྱལ་གཙོ། །ཁྲོ་བོའི་མཚན་ཉིད་བསྔགས་བཅས་བཤད། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ
166a2 གོས་སྔོན་པོ་ཅན་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་རྗེས་སུ་གནང་བ། མཆེ་བ་གཙིགས་པ་དང་འཚམ་པ་མིག་མེ་མདག་གི་ཕུང་པོ་འདྲ་བ། དབུགས་མེ་ལྕེ་ལྟར་འབར་བ། འཇིགས་པའི་ང་རོ་ཅན་ལག་པ་དང་རྐང་པ་ཀླུ་ནོར་རྒྱས་ཀྱི
166a3 བུས་བརྒྱན་པ། ཀླུ་ནག་པོ་སེ་རལ་ཁར་ཐོགས་པ་ཀླུ་དགའ་བོ་དང་ཉེ་དགའ་བོ་འབར་བས་རྣ་ཆ་བྱས་པ། སྦྲུལ་འབར་བ་རིན་པོ་ཆེའི་ཅོད་པན་ཐོགས་པ། སྦྲུལ་གདུག་པ་འབར་བ་ཟ་བ། བཞིན་རྒྱས་པ་སྨིན་མ་དང་ཁྲོ་གཉེར་དཔྲལ་བར
166a4 བསྡུས་པ། ཡ་སོས་མ་མཆུ་མནན་པ། གཤིན་རྗེའི་ཆ་བྱད་ཅན་ལྕེ་གློག་ལྟར་འགྱུ་བ། གསུས་པོ་ཆེ་སྦྲུལ་ཟ་བ། ལག་པ་བརྡབས་པའི་སྒྲས་འཇིགས་པར་བྱེད་པ། ཀླུའི་རྒྱལ་པོ་འདབ་བཟངས་སྐ་རགས་སུ་བཅིངས་པ། ཨ་ལ་ལ་ཞེས
166a5 སྒྲོགས་པར་བྱེད་པ། རྒྱ་མཚོའི་ཟབས་སུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པ་རྐང་པའི་པུས་མོར་ཕྱིན་པ་དབང་པོ་དང་ཉི་མ་ཕྲག་པ་ལ་ཁུར་བ་ཀླུ་ཐམས་ཅད་བརླག་པར་བྱེད་པ། གད་རྒྱངས་ཆེན་པོ་རྒོད་པས་ཀུན་ཏུ་འཁྲུག
166a6 པར་བྱེད་པ། གཤིན་རྗེའི་གཟུགས་ཅན་ཁམས་གསུམ་པ་འཇིགས་པར་བྱེད་པ། ཀླུ་ཐམས་ཅད་བརླག་པར་བྱེད་པ་ལ་ཕྱག་འཚལ་ལོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་གསུངས་པའི་རིག
166a7 སྔགས་འདི་བརྗོད་པར་བྱའོ། །ཏདྱ་ཐཱ་བྷོ་བྷོ་བནྣཱ་གཱ་དྷི་པ་ཏ་ཡེ། ཨི་དནྣཱི་ལཱམ་བ་ར་དྷ་ར་ཤ་རཱི་ར~ཾ། བཛྲ་པཱ་ཎི་ཧྲྀ་ད་ཡ~ཾ་ཡཿས་མ་ཏི་ཀྲ་མ་ཐ་མ་ཀུ་ལོ་ད་སཱ་ད་ན། བྷ་བི་ཥུ་ཏི་ཏདྱ་ཐཱ། བུདྡྷ་བུདྡྷ། བི་བུདྡྷ་བི་བུདྡྷ་མ་ཧཱི་སརྦ་ཧ་ཧ་ར་ཧ་ར་ནཱ་གཱ་ནཱ~ཾ
166a8 ཚིནྡ་ཚིནྡ་ནཱ་ག་ཧྲྀ་ད་ཡཱ་ནི་བིནྡྷ་བིནྡྷ་ནཱ་ག་མརྨཱ་ཎི། བི་ཤི་རྱནྟུ་ནཱ་ག་ཤ་རཱི་རཱ་ཎི་བི་སྥོ་ཊ་ཡ། ནཱ་ག་ན་ཡ་ནཱ་ནི་ཧཱུ~ཾ་ཧཱུ~ཾ་ཕཊ། ཏདྱ་ཐཱ་ནཱ་ག་བི་དཱ་ར་ཎཱ་ཡ་ཧཱུ~ཾ་ཕཊ། ནཱ་གོདྶཱ་ད་ནཱ་ཡ་ཧཱུ~ཾ་ཕཊ། ནཱི་ལ~ཾ་བ་ས་ནཱ་ཡ་ཧཱུ~ཾ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་པ་ར་ཀྲ་མཱ་ཡ་ཧཱུ~ཾ




iiif viewer powered by OpenSeadragon

165b - 166b

Texts on this page

J471 - rdo rje sa gsum du rgyu ba zhes bya ba'i rtog pa'i rgyal po