| | e-texts navigator
|
285b1 གསུངས་ནས་ནི། །སྲས་དང་བཅས་པའི་སངས་རྒྱས་རྣམས། །རྡོ་རྗེ་སེམས་དཔའ་ཆེན་པོ་ཡི། །གསུང་ལ་རྗེས་སུ་ཡི་རང་མཛད། །དཔལ་མཆོག་དང་པོ་ལས་རྟོག་པའི་རྒྱལ་པོ་ཐམས་ཅད་ཀྱི་མཆོག་རྫོགས
285b2 སྷོ། ། །།ཐུགས་དམ་སའི་སྙིང་པོ་ཐོ་ལྡིང་དུ། རྒྱ་གར་གྱི་མཁན་པོ་པཎ་ཌི་ཏ་མཁས་པ་ཆེན་པོ་མན་ཏྲ་ཀཱ་ལ་ཤ་དང་། སྒྲ་སྒྱུར་གྱི་ལོ་ཙྪ་བ་ལྷ་བཙན་པོ་དགེ་སློང་བླ་མ་ཞི་བའི་འོད་ཀྱི་ཞལ་སྔ་ནས་བསྒྱུར་ཅིང
285b3 ཞུས་ཏེ་གཏན་ལ་ཕབ་པ། ལོ་ཙྪ་ཆེན་པོ་རིན་ཆེན་བཟང་པོ་ཡིས། །དཔལ་མཆོག་དང་པོའི་རྒྱུད་འདི་བསྒྱུར་བ་ལ། །བར་བར་དཔེ་མ་རྙེད་པས་མ་འགྱུར་ནས། །བདག་གིས་འབད་པས་དཔེ་བཙལ་རྙེད་པས
285b4 བསྒྱུར། ། །།ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུན་ཏེ་ཥན་ཏ་ཐཱ་ག་ཏོ་ཧྱ་བ་ད་ཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བ~ཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ། །སྟག་ལུང་རྒྱུད་འབུམ་ལ་བཏུགས་ནས་ཞུས་དག། །།
285b5 ལན་གཉིས་ཞུས། གསུམ་ཞུས་བྱས།། །།@#། །རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་ན་ཡ་ཤ་ཏ་པཉྩཱ་ཤ་ཏི་ཀཱ། བོད་སྐད་དུ།
285b6 འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བརྒྱ་ལྔ་བཅུ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ
285b7 བཞིན་གཤེགས་པ་ཐམས་ཅད་ཀྱིས་མཁྱེན་པའི་བྱེ་བྲག་རྣམས་པ་ཐ་དད་པ་དང་ལྡན་པ། དེ་བཞིན་གཤེགས་པ་རིན་པོ་ཆེ་ཐམས་ཅད་ཀྱི་ཅོད་པན་གྱིས་ཁམས་གསུམ་དུ་དབང་བཅུ་རྫོགས་པ། དེ་བཞིན་གཤེགས
285b8 པ་ཐམས་ཅད་ཀྱི་མ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ། རྣལ་འབྱོར་ཅན་ཆེན་པོའི་དབང་ཕྱུག་།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཐུགས་སུ་ཆུད་པ། སྣ་ཚོགས
iiif viewer powered by OpenSeadragon
285a - 286a