e-texts navigator
Collection
Volume
Page
Wylie

283b1 དེ་ནས་སྤྱན་རས་གཟིགས་དབང་གིས། །པད་མ་རཱ་ག་དང་མཚུངས་པ། །ཐམས་ཅད་དག་པ་བླ་ན་མེད། །རྡོ་རྗེ་སེམས་དཔའ་རང་བདག་ཉིད། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཉིད། །དེ་ནས་པད་མའི་རིགས་ཀྱི་དེ་ཁོ་ན
283b2 ཉིད་ནི། རྡོ་རྗེ་ཆོས་ནི་རབ་གྲུབ་ཕྱིར། །སེམས་ཅན་ཐམས་ཅད་རྣམ་དག་ཕྱིར། །པད་མ་ཆེན་པོའི་རིགས་དག་པའི། །ཏིང་འཛིན་ཡེ་ཤེས་ཀུན་ནས་བསྡུས་ཤེས་བྱའོ། །དེ་ལ་ཅི་ལྟར་ན་ནམ་མཁའི་སྙིང་པོ་ཡིན་ཞེ
283b3 ན|་ཐམས་ཅད་ནམ་མཁའ་བཅོམ་ལྡན་འདས། །སེམས་ཅན་བསོད་ནམས་མཐོང་ཞིང་ཆེ། །ནམ་མཁའི་སྙིང་པོ་སེམས་དཔའ་དང་། །དེ་ནས་ནོར་བུ་རིགས་ཀྱི་ནི། །དབང་བསྐུར་བ་དང་གཏེར་དང་ནི། །རྡོ་རྗེ་རྒྱལ
283b4 མཚན་མཆོད་པ་ཆེ། །ནོར་བུ་ཆེན་པོའི་རིག་གྲུབ་པ། །བསམ་པ་ཐམས་ཅད་ཡོངས་རྫོགས་པའོ་ཞེས་བྱ་བ་དཀྱིལ་འཁོར་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །
283b5 རྡོ་རྗེ་རིགས་ཐམས་ཅད་ཀྱི་དབང་བསྐུར་བ་ཤེས་པ་ནི། སངས་རྒྱས་རིན་ཆེན་རྡོ་རྗེ་ཕྱེད། །རྡོ་རྗེ་རིན་ཆེན་རྡོ་རྗེ་ལ། །སྤྱན་རས་གཟིགས་ལ་རྡོ་རྗེ་སྐུ། །ནོར་བུ་ནོར་བུ་འཛིན་པའོ། །དེ་ནས་མཆོག་དང་པོའི་ཕྱག་མཚན
283b6 གྱི་དེ་ཁོ་ན་ཉིད་དོ། །ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི། །དབང་ཕྱུག་ཆེན་པོའི་མཚོན་ཆ་ཆེ། །གསང་བ་ལྔ་ཡི་དེ་ཉིད་ཆེ། །རྡོ་རྗེ་རྩེ་ལྔ་ཞེས་བརྗོད་དོ། །དེ་ནས་རིགས་ཐམས་ཅད་ཀྱི་ཕྱག་མཚན་གྱི་དེ་ཁོ་ན་ཉིད
283b7 ཤེས་པ་ནི། སངས་རྒྱས་ཐམས་ཅད་སངས་རྒྱས་ཉིད། །སྣ་ཚོགས་བྱ་བ་རྡོ་རྗེ་ཅན། །འཇིག་རྟེན་དབང་ཕྱུག་རྡོ་རྗེ་ཆོས། །ནོར་བུ་ནོར་བུ་བསགས་པའོ་ཞེས་བྱ་བ་དབང་བསྐུར་བ་ཐམས་ཅད་ཀྱི་ཕྱག་མཚན་གྱི་དེ
283b8 ཁོ་ན་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་ཅི་ལྟར་ཐམས་ཅད་དགུག་པའི་རྒྱུད་ཡིན་ཞེ་ན། །རྟོགས་པ་ཐམས་ཅད་གསང་ཆེན་གྱི། །རྡོ་རྗེ་ལྕགས་ཀྱུ་དྲིལ་བཅས་པས། །བཀུག་སྟེ་དེ




iiif viewer powered by OpenSeadragon

283a - 284a

Texts on this page

J460 - dpal mchog dang po'i sngags kyi rtog pa'i dum bu zhes bya ba