| | e-texts navigator
|
283a1 སྙིང་པོར་བརྗོད། །ཡི་གེ་ཧཱུ~ཾ་ནི་མི་འགྱུར་མཆོག་།དེ་ནས་ཉེ་བའི་སྙིང་པོ་ཡི། །དེ་ཁོ་ན་ཉིད་ཤེས་པ་ནི། །དེ་ཉིད་གསང་ཞིང་གསང་བ་དང་། །སྙིང་པོ་རབ་ཏུ་བརྗོད་པར་བྱ། །སྙིང་པོའི་རྗེས་སུ་སྒྲུབ་པར
283a2 གྲུབ། །ཉེ་བའི་སྙིང་པོ་ཉིད་དུ་བརྗོད། །དེ་ལ་ཅི་ལྟར་བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པ་དམ་ཚིག་གི་བཤད་པའི་རྒྱུད་ཡིན་ཞེ་ན། དངོས་གྲུབ་ཀུན་གྱི་མི་འགྱུར་བདེ། །བདེ་བ་ཆེན་པོ་ཞེས་བརྗོད་དོ། །རྡོ་རྗེ་དེ་ཉིད་དོན་ཡོད
283a3 གྲུབ། །དམ་ཚིག་འདའ་བར་དཀའ་བའོ་ཞེས་བྱ་བའི་མཆོག་གི་དམ་པའི་གླུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་ཅི་ལྟར་དཀྱིལ་འཁོར་གྱི་དོན་ཤེས་པ་ཡིན་ཞེ་ན། ཅི་ལྟར་གནས་དང་འཁོར་ལོ་དང་། །
283a4 ཅི་ལྟར་དགོད་པ་འགྲོ་བ་དང་། །འཁོར་དང་བཅས་པ་དགོད་པ་གང་། །དེ་འདྲའི་འཁོར་ལོ་མཆོག་གིས་སྤྲུལ། །དེ་ནས་རྣམ་པར་ཤེས་པ་ནི། །རྡོ་རྗེ་སེམས་སྩོགས་ལྷ་རྣམས་ཀྱི། །འཁོར་ལོ་མངོན་སུམ་མཐོང་བ་ཡིས། །
283a5 རྟག་པའི་བསོད་ནམས་ཅི་འདྲ་བ། །ཕྱིར་ན་བྲིས་ནའང་དེ་བཞིན་ནོ། །དེ་ནས་ཐིག་གདབ་པའི་ཆོ་ག་ནི། ཤེས་རབ་ཅན་གྱིས་དཀྱིལ་འཁོར་བྲིས། །ཕྱོགས་ཀུན་མཉམ་པ་ཉིད་དམིགས་ལ། །ཤར་དང་ནུབ་དང་བྱང་དང
283a6 ལྷོར|་ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད། །རྡོ་རྗེ་ཐིག་གིས་ཡོངས་བསྐོར་བར། །ཀ་བ་བརྒྱད་ཀྱིས་ཉེར་མཛེས་ཤིང་། །སྒོ་བཞི་རྟ་བབས་ཁ་ཁྱེར་དང་། །དྲ་བ་དྲ་ཕྱེད་ལ་སོགས་བརྒྱན། །དེར་བདག་པོའི་དོན་ཤེས་པ་ནི
283a7 རྡོ་རྗེ་སེམས་དཔའ་ཇི་ལྟ་བུ་ཞེ་ན། ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག་།རྡོ་རྗེ་སེམས་དཔའ་ཆེ་རང་བཞིན། །དཔལ་མཆོག་དང་པོ་ཞེས་བྱར་བརྗོད། །དེ་ནས་བཅོམ་ལྡན་འདས་དེ
283a8 གང་ཞེ་ན། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །རབ་ཏུ་དགའ་བ་མི་འགྱུར་མཆོག་།ཅེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །
iiif viewer powered by OpenSeadragon
282b - 283b