e-texts navigator
Collection
Volume
Page
Wylie

281a1 ལགས། །དེ་བཞིན་རྡོ་རྗེ་སེམས་དཔའ་ཉིད། །རབ་དགའ་ཉིད་དང་བཟང་བ་ཉིད། །རྡོ་རྗེ་བསྙེམས་བདག་ཅི་ལྟར་ལགས། །སེམས་དང་སེམས་དཔའ་ཏིང་འཛིན་དང་། །དེ་བཞིན་རྡོ་རྗེ་རྡོ་རྗེ
281a2 འཛིན། །རྡོ་རྗེ་འཆང་ཆེན་ཉིད་དང་ནི། །བྱང་ཆུབ་སྤྱོད་པ་ཅི་ལྟར་ལགས། །བདུད་དང་བདུད་ལས་རྒྱལ་བ་ཉིད། །བྱང་ཆུབ་སངས་རྒྱས་ཅི་ལྟར་ལགས། །རྡོ་རྗེ་གཏུམ་པོ་མཐར་བྱེད་ཉིད། །ཕྱག་ན་རྡོ་རྗེ་ཅི་ལྟར
281a3 ལགས། །ཅི་ལྟར་དང་པོའི་རིགས་བྱུང་དང་། །འདོད་པ་ཐར་པ་ཅི་ལྟར་ལགས། །ཇི་ལྟར་མགོན་པོ་རྣམ་གསུམ་དང་། །ཁྱོད་ནི་ཅི་ལྟར་ཐམས་ཅད་ཉིད། །དང་པོའི་སྙིང་པོ་ཅི་ལྟར་བྱུང་། །དེ་ཅི་ཉེ་སྙིང་ཅི་ལྟར་ལགས། །
281a4 བདེ་ཆེན་རྡོ་རྗེ་ཆེན་པོ་ཡི། །དོན་ཡོད་དམ་ཚིག་ཅི་ལྟར་ལགས། །དཀྱིལ་འཁོར་ཞེས་བྱ་ཅི་སྐད་གསུངས། །དེ་ཡི་རྣམ་སྨིན་ཅི་ལྟ་བུ། །ཐིག་གདབ་པ་དང་བརྟག་པ་ཡིས། །དངོས་གྲུབ་ཅི་ལྟར་གསུངས་པ་ལགས། །
281a5 གསང་བ་ལྔ་ཡི་དེ་བདེ་བ། །ཅི་ལྟར་གྱུར་པ་ཅི་ལྟ་བུ། །དཀྱིལ་འཁོར་བདག་པོ་རྣམས་དང་ནི། །རིགས་རྣམས་གསལ་བ་ཅི་ལྟར་ལགས། །ཐམས་ཅད་དབང་བསྐུར་དེ་ཉིད་དང་། །ཕྱག་མཚན་ཚོགས
281a6 ཀྱི་དེ་ཉིད་དང་། །ཐམས་ཅད་དགུག་གཞུག་མཆོད་པ་ཆེ། །བདག་བྱིན་བརླབས་སོགས་སྒྲུབ་པ་ཆེ། །དེ་ནི་དེ་ཉིད་གསང་བ་དང་། །དོན་ཡོད་པ་ནི་མཆོག་ཉིད་དེ། །མི་འགྱུར་དམ་པ་འགྲུབ་པའི་ཕྱིར། །
281a7 ཐམས་ཅད་བདག་ཅག་རྣམས་ལ་གསུངས་ཤེས་བྱ་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་མདོ་གསུངས་སོ། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །རྟོག་པ་ཀུན་གྱི་བདག་པོ་ནི། །
281a8 ཐེ་ཙོམ་ཚོགས་རྣམས་གསན་ནས་སུ། །འདི་ཡི་ལན་ནི་གསུངས་པ་ཡིན། །དེ་ལ་རྟོག་པའི་དོན་གྱི་རྒྱུད་ཅི་ལྟར་ཡིན་ཞེ་ན། རྣམ་རྟོག་མེད་པའི་ཆོས་རྣམས་ལས། །སེམས་ཅན་དོན་ནི་ཡོངས་བརྟགས




iiif viewer powered by OpenSeadragon

280b - 281b

Texts on this page

J460 - dpal mchog dang po'i sngags kyi rtog pa'i dum bu zhes bya ba