e-texts navigator
Collection
Volume
Page
Wylie

186a1 བྲལ་བ་ལྟ་བུ་ཡི། །སྡུག་བསྔལ་གཞན་ནི་རང་བཞིན་མེད། །དེ་བས་སེམས་ཅན་ཆགས་བྲལ་ལ། །སྔར་ཡང་ཡིད་ནི་མ་བྱེད་ཅིག་།དེ་ནས་མེ་ཏོག་ལ་སོགས་པ་སྙིང་པོ་འདིས་འདོར་དུ
186a2 གཞུག་གོ། ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་པྲ་ཏི་གྲྀ་ཧྞ་ས་མ་ཡ་སྟྭ~ཾ། །དེ་ནས་གང་དུ་བབས་པ་དེ་ནི་དེའི་ལྷ་ཡིན་ནོ། །དེ་ནས་དེ་ཁོ་ན་ཉིད་ཆེན་པོ་བརྗོད་པར་བྱའོ། །གང་འདོད་པའི་སྙིང་པོ་བྱིན་ལ་སྒྲུབ་ཏུ་བཅུག་ལ་རང་ཉིད
186a3 ལྷག་པའི་ལྷའི་དབང་བསྐུར་བས་དབང་བསྐུར་ནས། དེའི་མཚན་མ་ལག་པ་གཉིས་སུ་བྱིན་ཏེ་དེའི་རིགས་ཀྱི་མིང་གི་དབང་བསྐུར་ལ་སྙིང་པོ་འདིས་དབང་བསྐུར་བར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨཱཏ་མ་ཀོུ྅ཧ~ཾ་བཛྲ་དྷཱ་ར་ས་མུ
186a4 ཁེ་བྷ་ཨ་བྷི་ཥེ་ཀ་ཏྭཱ~ཾ་ཨ་བྷི་ཥིཉྩཱ་མི་གྲྀཧྞ་སིདྡྷི་བཛྲ~ཾ་ཏེ་ཨ་མོ་གྷ་སིད་དྡྷི་སྟྭ~ཾ། དེ་ནས་ཕྱག་རྒྱ་བཅིངས་བ་བརླབ་པར་བྱའོ། །དེ་ནས་ཅི་འདོད་པའི་མཆོད་པ་བྱས་ཤིང་བྱེད་དུ་བཅུག་ནས་ཅི་འདོད་པ་བཟའ་བ་དང་བཏུང་བས་སློབ་མ་རྣམས
186a5 ཚིམ་པར་བྱས་ལ་ཕྱག་རྒྱ་དང་། ཕྱག་རྒྱའི་ལན་དང་གར་དང་དགོད་པ་བྱེད་དུ་བཅུག་ཅིང་རང་ཉིད་ཀྱིས་ཀྱང་བྱའོ། །དེ་ནས་ཐམས་ཅད་བསྐྲད་ནས་འདི་སྐད་བརྗོད་པར་བྱའོ། །ཐོག་མཐར་རྒྱུ་བའི་འགྲོ་བ་འདི། །དགའ་བ
186a6 མཆོག་ལ་རག་ལུས་ཏེ། །སེམས་དཔའ་ཆེན་པོ་རྡོ་རྗེར་འགྱུར། །སླར་ཡང་གཤེགས་པར་མཛད་དུ་གསོལ། །དེ་ནས་སྙིམ་པའི་མེ་ཏོག་དོར་ནས་བྱུང་བར་བྱའོ། །དཀྱིལ་འཁོར་ཡང་རང་ཉིད་ཀྱིས་ཕྱགས་ལ
186a7 རྡུལ་ཚོན་དེ་དག་གིས་རིལུ་བུ་བྱས་ལ་བཞག་ན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ནས་བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་བདུད་རྩིའྀ་ཚུལ་དེ་ཡང་བཅུག་ན་ཚེ་འཕེལ་བ་ལ་སོགས་པའི་ལས་ཐམས་ཅད་དགོངས་པ་ཡིན
186a8 ནོ། །དེ་ཉིད་ཀྱིས་དབང་བསྐུར་ན་ཡང་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པ་དང་། མཆོག་གི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་རོ། །གལ་ཏེ་སྐུ་བྲི་བའི་རི་མོ་མཁན་མ་རྙེད་ན་རང་རང་གི་ཕྱག་མཚན་གྱི་ཕྱག་རྒྱ་རྣམས




iiif viewer powered by OpenSeadragon

185b - 186b

Texts on this page

J460 - dpal mchog dang po'i sngags kyi rtog pa'i dum bu zhes bya ba