e-texts navigator
Collection
Volume
Page
Wylie

184a1 རྡོ་རྗེ་རིན་ཆེན་འོད་ཟེར་འབར། །རླུང་གིས་བསྐྱོད་པའི་དྲིལ་བུ་མཆོག་།བ་དན་སྣ་ཚོགས་མཛེས་པ་ཡིན། །མེ་ལོང་དྲ་བ་མེ་ཏོག་ཕྲེང་། །ལྡན་པའི་ཕྱི་རོལ་དཀྱིལ་འཁོར་བྲི། །དེ་ཡི་ནང་དུ་འཁོར
184a2 ལོ་ནི། །དཀྱིལ་འཁོར་བརྒྱད་པ་དང་འདྲ་བ། །རྡོ་རྗེ་ཐིག་གིས་ཡོངས་བསྐོར་བའི། །རྡོ་རྗེ་འཁོར་ལོ་ཡང་དག་བྲི། །དེ་དབུས་ཆོ་ག་བཞིན་དུ་ནི། །རྡོ་རྗེ་སེམས་དཔའ་དགོད་པར་བྱ། །བླུགས་སམ་ཡང་ན་བྱས་པ
184a3 འམ། །བརྡུངས་པ་འམ་ཡང་ན་བྲིས་པ་ཡི། །བཞད་པ་དང་བཅས་ཟླ་བའི་འོད། །འབར་བའི་འོད་ཟེར་དམར་པོས་ཁྱབ། །སངས་རྒྱས་ཕྲེང་བས་རྣམ་པར་མཛེས། །སྐུ་ལ་ཚོན་གྱིས་ཡང་དག་བྱུགས། །སེམས
184a4 དཔའི་དཀྱིལ་མོ་དཀྲུང་གིས་བཞུགས། །རྡོ་རྗེ་བསྙེམས་པ་འཛིན་པའི་མཆོག་།ས་མ་ཡ་སྟྭ~ཾ་ཞེས་བརྗོད་ནས། །སྙིང་གར་རྣམ་པར་དགོད་པར་བྱ། །དེ་ཡི་ལོགས་ནི་ཐམས་ཅད་དུ། །སེམས་དཔའ་ཆེན་པོ་རྣམས་བྲི་སྟེ། །
184a5 ཚོན་ནམ་ཡང་ན་རྡུལ་ཚོན་གྱིས། །གོ་རིམ་ཅི་བཞིན་བྲི་བར་བྱ། །མདུན་དུ་སྐུ་མདོག་དམར་པོ་ནི། །རྡོ་རྗེ་མཚོན་ཆ་ལ་བརྩོན་པ། །གཡས་སུ་དག་པའི་དཀར་པོ་སྟེ། །ལེགས་པར་འཁྱུད་པའི་རྡོ་རྗེ་ཅན། །རྒྱབ་ཏུ་སྐུ
184a6 མདོག་སེར་པོ་སྟེ། །ཆུ་སྲིན་གྱི་ནི་རྒྱལ་མཚན་འཛིན། །གཡོན་དུ་སྐུ་མདོག་སྔོན་པོ་སྟེ། །ཕྱག་གཉིས་བསྙེམས་པ་འཛིན་ལ་སོགས། །མཆོད་པའི་སྣོད་རྣམས་འཛིན་པའོ། །མཆོད་པའི་ལྷ་མོ་བྲི་བར་བྱ། །སྒེག
184a7 མོ་བཞད་མ་གླུ་མ་དང་། །གར་མ་ལྷ་ཡི་བུ་མོའི་ཚོགས། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་དང་། །རྡོ་རྗེ་ལྕགས་སྒྲོགས་དྲིལ་བུ་རྣམས། །སྒོ་ནི་བཞི་པོ་རྣམས་ལ་ནི། །སྒོ་སྲུངས་བཞི་པོ་དགོད་པར་བྱ། །དེ་ནས་དེ་དག་གི་སྙིང
184a8 པོ་རྣམས་ནི་འདི་ཡིན་ཏེ། ཧཱུ~ཾ་བཛྲ་ཏིཥྛ་སཱ་མ་ཀེ་ཕཊ། ཧཱུ~ཾ་བཛྲ་ཀི་ལི་ཀི་ལཱ་ཡ་ཧཱུ~ཾ། ཧཱུ~ཾ་སྨ་ར་བཛྲ་བན་དྷ་ཧཱུ~ཾ། ཧཱུ~ཾ་ཏུཥྟ་བཛྲི་ཎི་ཧཱུ~ཾ། །རྡོ་རྗེ་བྲན་ནོ། །དེ་ནས་མཆོད་པའི་ལྷ་མོ་རྣམས་ཀྱི་ནི། ཧཱུ~ཾ་མ་དྷུ་ར་བཛྲི་ཧཱུ~ཾ། ཧཱུ~ཾ་བཛྲ་མེ




iiif viewer powered by OpenSeadragon

183b - 184b

Texts on this page

J460 - dpal mchog dang po'i sngags kyi rtog pa'i dum bu zhes bya ba