| | e-texts navigator
|
170a1 རིན་པོ་ཆེ་ཆེན་པོ་རོ་མྱོང་བ་ཟས་དང་སྐོམ་ཐམས་ཅད་འཛིན་པ་བཞག་པར་བྱའོ། །མཚམས་རྣམས་སུ་མཆོད་པའི་ལྷ་མོ་རྣམས་རིན་པོ་ཆེའི་གདུགས་དང་རྒྱལ་མཚན་དང་རྔ་དང་སྲོག་ཤིང་རྣམས་བཞག་པར་བྱའོ། །
170a2 ཕྱི་རོལ་གྱི་མཚམས་སུ་བུམ་པ་གང་བ་རྣམས་སོ། །སྒོ་རྣམས་སུ་ནི་དབང་བསྐུར་བ་ལ་སོགས་པའི་མཚན་མ་རྣམས་བཞག་པར་བྱའོ། །ཕྱི་རོལ་དུ་ནི་གདུགས་དང་རྒྱལ་མཚན་དང་བ་དན་དང་བླ་རེ་རྣམས་ཀྱིས་ཀུན་དུ་ཁྱབ
170a3 པར་བྱའོ། །དེ་ནས་དེ་བཞིན་དུ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་འཛིན་པས་ཞུགས་ནས། དེ་ནས་བརྩམས་ཏེ་ནོར་ཐམས་ཅད་འགྲུབ་པ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནས་ཞུགས་ཀྱང་དབང་བསྐུར
170a4 བའི་ཕྲེང་བ་བཅིངས་ཏེ། རིན་པོ་ཆེ་བླངས་ནས་རིན་པོ་ཆེའི་མིང་གི་དབང་བསྐུར་བས་དབང་བསྐུར་ལ་སྦྱིན་པ་ཐམས་ཅད་ཕུལ་ནས་སླར་བྱུང་བར་བྱའོ། །སློབ་མ་གཞུག་པའི་ཆོ་ག་རྒྱས་པ་ཡང་དེ་བཞིན་ནོ། །རྡོ་རྗེ་རིན་པོ་ཆེའི
170a5 དཀྱིལ་འཁོར་རོ། །བསྒྲུབ་པ་དང་དངོས་གྲུབ་རྣམས་ཀྱང་དེ་བཞིན་ནོ། །དེ་ནས་མ་བསྒྲུབས་པར་ཡང་དབང་བསྐུར་བ་ཐམས་ཅད་ཐོབ་པ་ལ་ནི་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བའི་ཕྲེང་བས་སོ། །བསམ་པ་ཐམས་ཅད་ཡོངས་སུ
170a6 རྫོགས་པ་ལ་ནི་ཉིན་རེ་ཞིང་ཉི་མ་འཆར་ཀར་བཟླས་བརྗོད་དཔག་ཏུ་མེད་པ་བྱས་པས་སོ། །ཆོས་ཐམས་ཅད་ཀྱི་དོན་ཤེས་པ་ལ་དྲི་མ་མེད་པའི་ནམ་མཁའ་ལ་བལྟ་ཞིང་བཟླས་བརྗོད་བྱའོ། །ཟས་དང་སྐོམ་ཐམས་ཅད
170a7 ལ་སོགས་པ་དང་། རོ་ཐམས་ཅད་ཐོབ་པར་བྱ་བ་ལ་ནི་ནམ་མཁའ་ལས་ཡིད་ལ་འདོད་པ་བཞིན་དུ་ཉིན་རེ་ཞིང་། བཅོམ་ལྡན་འདས་ཀྱིས་བཟླས་བརྗོད་སྟོང་བྱས་པས་སོ། །ཤིན་ཏུ་མཐོན་པོ་ཐོབ་པར་བྱ་བ་ལ་ནི་གདུགས
170a8 བཟུང་ནས་བཟླས་བརྗོད་འབུམ་བྱའོ། །རྣམ་པར་རྒྱལ་བ་ཆེན་པོ་ཐོབ་པ་ལ་ནི། རིན་ཆེན་རྒྱལ་མཚན་མཆོག་གིས་སོ། །གྲགས་པ་དང་སྙན་པ་ཆེན་པོ་དང་། མིང་ཐོབ་པར་བྱ་བ་ལ་ནི་ཉིན་རེ་ཞིང་ཁ་ཐམས་ཅད་དུ་བལྟས་ནས
iiif viewer powered by OpenSeadragon
169b - 170b