| | e-texts navigator
|
157a1 བཞིན་ནོ། །མེའི་མཚམས་ན་མུ་མེན་གྱི་བུམ་པ་བཞི་མཉམ་གྱིས་གང་བའོ། །བདེན་བྲལ་དུ་གསེར་གྱི་བུམ་པ་གླ་བ་ཡིས་གང་བའོ། །རླུང་དུ་བྱི་རུའི་བུམ་པ་སིཧླ་ས་གང་བའོ། །དབང་ལྡན་དུ་དངུལ་གྱི་བུམ་པ
157a2 ག་པུར་གྱིས་གང་བའོ། །ཐོད་པ་ཡིས་ཁ་གཡོགས་པ་རྣམ་པར་བསྒོམ་པར་བྱའོ། །ཁྲོ་བོའི་རྒྱལ་པོ་ལ་སོགས་པ་དཔའ་བོ་གཙོ་བོའི་སྔགས་གསུངས་པ་ནི། ཨོ~ཾ`་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ་སྭཱ་ཧཱ། སྙིང་པོའི་སྔགས་སོ། །
157a3 ཨོཾ་ཧྲ~ཾསྵ~ཾ་ཀྵ་ཡ~ཾ་ཀཱ་རཱ་ཡ་གྲྀཧྞ་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པོའི་སྔགས་སོ། །ོཾ་མ་ཧཱ་ཡཀྵ་སེ་ནཱ་དྷི་པ་ཏ་ཡེ་མ་ཧཱ་དུར་དཱན་ཏ་ད་མ་ཀཱ་ཡ་ནཱ་ཥ་ཡ་ནཱ་ཥ་ཡ། བི་དྲཱ་པ་ཡ་བི་དྲཱ་པ་ཡ་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ་སྭཱ་ཧཱ། ཕྲེང་སྔགས་སོ། །ོཾ་དྭེ
157a4 ཥ་ར་ཏི་ནུ་ད་ནུ་ད་ཏྲུ་ཊ་ཏྲུ་ཊ་ཧཱུ~ཾ་ཛཿསྭཱ་ཧཱ། རྗེ་བཙུན་མའི་སྔགས་སོ། །ོཾ་མོ་ཧཱན་ཏ་ཀྲྀཏ་ཧཱུ~ཾ་ཧཱུ~ཾ་ཕཊ། ཨོཾ་པི་ཤུ་ནཱན་ཏ་ཀྲྀཏ་ཧཱུ~ཾ་ཧཱུ~ཾ་ཕཊ། ཨོཾ་རཱ་གཱན་ཏ་ཀྲྀཏ་ཧཱུ~ཾ་ཧཱུ~ཾ་ཕཊ། ཨོཾ་ཨཱིར་ཥྱཱན་ཏ་ཀྲྀཏ་ཧཱུ~ཾ་ཧཱུ~ཾ་ཕཊ། དཔའ་བོ་བཞིའི་སྔགས་སོ། །
157a5 ཨོཾ་མོ་ཧཱ་ར་ཏི་ཧཱུ~ཾ་ཛཿ། ཨོཾ་པི་ཤུ་ན་ར་ཏི་ཧཱུ~ཾ་ཛཿ། ཨོཾ་རཱ་ག་ར་ཏི་ཧཱུ~ཾ་ཛཿ། ཨོཾ་ཨཱིར་ཥྱཱ་ར་ཏི་ཧཱུ~ཾ་ཛཿ། དཔའ་བོའི་དབང་ཕྱུག་མ་བཞིའི་སྔགས་སོ། །ོཾ་མར་མེ་མར་མཱ་བི་གྷཱ་ཏེ་ཨོཾ་བཛྲ་ཙར་ཙི་ཀེ་ཧ་ར་ཧ་ར་བུཀྐ་མ་རཱ་ཡ་ཆེ་གེ་མོ་ལ་ཛཿ།
157a6 ཨོཾ་གྷོ་ཎེ་སུ་གྷོ་ཎེ་བཛྲ་མཱ་མ་ཀཱི། བྷ་ར་བྷ་ར། སམྦྷ་ར་སམྦྷ་ར་ཧཱུ~ཾ་ཛཿ། ཨོཾ་མར་མེ་མར་མཱ་ཀྵོ་བྷ་ཎཱི་ས་ར་སྭ་ཏི་ད་ར་ད་ར། ཐ་ར་ཐ་ར་ཕ་ར་ཕ་ར། ཀ~ཾ་པ་ཀ~ཾ་པ། དྷུ་ན་དྷུ་ན་ཧཱུ~ཾ། ཆེ་གེ་མོ་ལ་ཛཿ། ཨོཾ་གམྦྷཱི་རེ་བཛྲ་ཀཱར་ཏི་ཀེ་གྷ་གྷ།
157a7 རཀྟ་ཤོ་ཎ་ཏི་པྲི་ཡེ་གཽ་རཱི་ཆེ་གེ་མོ་ལ་ཛཿ། གདེངས་ཀའི་དབང་པོ་དགའ་བོ་ནི། །སྔོན་པོས་སྐྲ་བཅིངས་འཇིགས་པར་བྱེད། །ཀླུ་འཇོག་དམར་པོས་རྣ་བ་ལ། །བརྒྱན་ཅིང་རྩེ་མོ་འཁྱིལ་བ་སྟེ། །རིག་ལྡན་ཁྲ་བོས་དཔུང་པ་བརྒྱན། །
157a8 ལག་གདུབ་གདེངས་ཀ་དུང་སྐྱོང་སེར། །ཤིན་དུ་དཀར་བ་པད་དོ་ཤལ། །མཐའ་ཡས་སྔོན་པོ་མཆོང་ཕྱིར་ཐོགས། །ཤིན་དུ་མཛེས་པར་བྱས་པའོ། །བདུད་རྩིའི་ཁ་དོག་གདེངས་ཀ་ནི། །ནོར་རྒྱས་ཀྱིས་ནི་ཅོད་པན་བྱས། །
iiif viewer powered by OpenSeadragon
156b - 157b