| | e-texts navigator
|
305b1 ཎི་སྭཱ་ཧཱ། ཨོཾ་བཛྲ་ཨཱ་གོ་ཊ་ཡ་མུད་ག་ར་བཛྲ་ཧ་ན་ཧ་ན་ཧཱུ~ཾ། ཨོཾ་བཛྲ་ཙཎྜ་བཛྲ་བྷ་བ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཨོཾ་བཛྲ་ཨ་མྲྀ་ཏེ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་བཛྲ་ཙཎ་ཌ་མ་ཧཱ་རོ་ཥ་ཎ་ཧཱུ~ཾ་ཕཊ། བྲུ~ཾ་སྐ་ནི་སྐ།
305b2 ཨོཾ་བཛྲ་དྷརྨ་ཏེ་སྭཱ་ཧཱ། ཨོཾ་བཛྲ་ཙཎ་ཌ་པྲ་མརྡ་ན་ཡེ་སྭཱ་ཧཱ། སྭཱ་དག་པ་ཆེན་པོ་བདེ་བའི་མཆོག་།ཡེ་ཤེས་རྡོ་རྗེ་ཐོ་བས་བརྡུང་། །དེ་ལས་བྱིན་བརླབས་དེ་ལ་བླུགས། །ཡེ་ཤེས་ཐོ་བས་ཉོན་མོངས་བརྡུང་། །དམིགས་པ་ཛཿདམར
305b3 དག་གིས་དགུག་། མ་གཏུན་རྡོ་རྗེ་རྒྱ་གྲམ་ཉིད། །གནས་ཉིད་ལྷ་ཡི་གཞལ་ཡས་ཁང་། །ཐམས་ཅད་ལྷ་ཡི་ན་བཟའ་ལན། །དེར་གཞུག་བདུད་དང་ཉོན་མོངས་གནོན། །ང་ཉིད་དུ་ཡང་འགྱུར་བར་བསམ། །ཙཎ་ཌ་པུཥྤ་ཡེ
305b4 སྭཱ་ཧཱ། །མཚན་དང་དཔེ་བྱད་རྒྱུན་མི་འཆད། །དང་པོར་སྦྱོར་བས་མཆོད་པར་བྱ། །བ་ཡིས་བཀྲུ་བྱ་སྤོས་ཀྱིས་བྱུག་།ཤིན་དུ་གཙང་བ་དག་གིས་འཕྱི། ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད
305b5 ལས་དྲེགས་པ་ཅན་ཚར་གཅོད་པའི་ལེའུ་སྟེ་བཅུ་གཅིག་པའོ། ། །། དེ་ནས་ལྷའི་དབང་པོས་གསོལ་པ། ཀྱེ་མ་གནོད་འདུལ་ཁྲོ་བོའི་རྒྱལ། །དྲེགས་པ་བསྲུང་བའི་ཐབས་ནི་གང་། །བསྲུང་ཐབས་རྣམ
305b6 པ་དུ་དང་ལྡན། །གནོད་འདུལ་ཆེན་པོ་བཀའ་སྩོལ་ཅིག་།ཉོན་ཅིག་དབང་པོ་ཀུན་གྱི་བདག་།སྔགས་རྫས་ཏིང་འཛིན་འདུས་པ་བཞི། །དངོས་ཏེ་དགོངས་པ་ཐམས་ཅད་བྱེད། །རྡོ་རྗེ་བྲག་དང་རིན་ཆེན་ཚུལ། །དུག་དང་མེ
305b7 བཞིན་མཚོན་ཆ་འདྲ། །དུས་མིན་འཆི་ལས་རབ་ཏུ་བཟློག་།སངས་རྒྱས་ཀུན་གྱི་མཐུ་དང་ལྡན། །དེ་འཆང་དངོས་གྲུབ་མཆོག་ཆེན་འཐོབ། །ངལ་དུ་ཀུན་དུ་ཞུགས་དང་མཚུངས། །སངས་རྒྱས་ཀུན་གྱི་སྲས་སུ
305b8 དགོངས། །གང་ཞིག་གསང་སྔགས་འདི་འཆང་བ། །ཀུན་གྱི་ང་དང་འདྲ་བར་མཐོང་། །གང་ཞིག་གསང་སྔགས་འདི་འཆང་བ། །ང་ཉིད་རྒྱུན་དུ་དེ་ན་གནས། །འཇིག་རྟེན་དུ་ནི་བདེ་བ་འབྱུང་། །འདས་ནས་སངས་རྒྱས་ཀུན་དང
iiif viewer powered by OpenSeadragon
305a - 306a