e-texts navigator
Collection
Volume
Page
Wylie

287a1 སྟེ་རྡོ་རྗེ་གདན་འཇིག་སྟེ་ཐར་བར་འགྱུར་རོ། །བར་མ་དོ་དང་སྐྱེ་གནས་འཇིག་པ་དག་ཡོད་དོ། །དེའི་གསང་བའི་སྔགས་ནི་ཟླ་བའི་སྟེང་དུ་ཡི་གེ་ཨ་བཀོད་དེ། ཆོས་ཉིད་དག་པའི་སྔགས་བརྗོད་དོ། །
287a2 ན་མཿས་མན་ཏ་བཛྲཱ་ཎཱ~ཾ་སརྦ་དྷརྨ་ཏཱ་བཛྲ་སཏྭ་ཧཱུ~ཾ། ཞེས་ཕྱོགས་བཅུར་ཁ་བལྟས་ཏེ་རྡོ་རྗེ་ཐལ་མོ་སྦྱར་ཏེ་ཡེ་ཤེས་ཀྱི་འོད་ཀྱིས་གསོལ་བ་བཏབ་ལ། རྡོ་རྗེ་སེམས་དཔའི་སྐུར་མོས་པར་བྱའོ། །ོཾ་བཛྲ་སཏྭ་ཧཱུ~ཾ་ཞེས་པ་འབུམ
287a3 དུ་བརྗོད་ན་རྩ་བའི་དམ་ཚིག་ཉམས་པ་ཞི་བར་འགྱུར་རོ། །རྡོ་རྗེ་རྡོ་རྗེ་འཇིགས་བྱེད་ཆེ། །མེ་ལོང་མེ་ལོང་གསལ་བའི་སྐུ། །ཞལ་གསུམ་ཕྱག་དྲུག་འཇིགས་པ་ཆེ། །མཚོན་ཆ་འཛིན་ལ་ཕྱག་འཚལ་བསྟོད། །དེ་བཞིན
287a4 གཤེགས་པ་དེ་བཞིན་གཤེགས། །ཆོས་དབྱིངས་ཆོས་དབྱིངས་རྣམ་པར་དག་།ཞལ་གསུམ་ཕྱག་དྲུག་མཚོན་ཆ་འཛིན། །དེ་བཞིན་གཤེགས་ལ་ཕྱག་འཚལ་བསྟོད། །སོ་སོར་ཀུན་རྟོག་ཀུན་རྟོག་བྲལ། །པད་མ
287a5 དྲི་མེད་པད་མའི་བདག་། ཞལ་གསུམ་ཕྱག་དྲུག་རྟ་སྐད་སྒྲོགས། །ཞལ་གསུམ་ཕྱག་དྲུག་མཚོན་ཆ་འཛིན། །རྒྱ་མཚོ་སྐྱེས་སྐུ་ཕྱག་འཚལ་བསྟོད། །རིན་ཆེན་བཻ་དཱུར་གཟི་བརྗིད་འབར། །མཉམ་པ་མཉམ་ཉིད
287a6 ཡེ་ཤེས་སྐུ། །ཞལ་གསུམ་ཕྱག་དྲུག་མཚོན་ཆ་འཛིན། །རིན་ཆེན་རྒྱ་མཚོ་ཕྱག་འཚལ་བསྟོད། །ལས་ཀྱི་སྐུ་སྟེ་ཕྲིན་ལས་མཛད། །བྱ་བ་བྱ་བ་སྒྲུབ་པའི་བདག་།ཞལ་གསུམ་ཕྱག་དྲུག་མཚོན་ཆ་འཛིན། །ཕྲིན
287a7 ལས་རྒྱ་མཚོར་ཕྱག་འཚལ་བསྟོད། །ོ~ཾ`་ཨཱ་ནན་ཏ་པ་ར་སྭཱ་ཧཱ། ཨོ~ཾ`་སུམ་བྷ་ནི་སུམ་བྷ་ཧཱུ~ཾ་ཨཱ་ཀར་ཥ་ཡ། བན་དྷ་ཡ་སྭཱ་ཧཱ། ཧ་གྲྀ་ཡ་བ་བན་དྷ་ཤོ་ཀ་སྭཱ་ཧཱ། ཨོ~ཾ`་ཨ་པ་རེ་ཨ་པ་རཱ་ཛཾ་ཏ་སྭཱ་ཧཱ། རོ་ཥ་ཎཱ་ཡ་བྷྱཿཕཊ།
287a8 དེ་ནས་ལྷའི་གསང་སྔགས་བརྗོད་པར་བྱའོ། །ོ~ཾ`་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུ~ཾ་ཕཊ། མཱ་ར་ཡ་ཙིཏྟ་ཙིཏྟ་རྦད་རྦད། ཨོ~ཾ`་བཛྲ་ཀྲོ་དྷ་མ་ཧཱ་ཀཱ་ལཱ་ཡ་ཧཱུ~ཾ་ཕཊ། ཙིཏྟ་ལ་ཀྲོ་དྷི་དུཉྫ། ཨོ~ཾ`་བཛྲ་ཀྲོ་དྷ་ནཱ་ག་ཧཱུ~ཾ་ཕཊ། མཱ་ར་ཡ་རཀ




iiif viewer powered by OpenSeadragon

286b - 287b

Texts on this page

J433 - gsang ba'i rgyud rnams kyi rnam par 'byed pa drag po gsum 'dul zhes bya ba