| | e-texts navigator
|
330a1 སྟོང་ཕྲག་གཅིག་། ཀུན་ལས་འདུས་པ་འབུམ་ཕྲག་གཅིག་།མཉམ་ཉིད་རྣམ་རྒྱལ་ཉིས་རྒྱ་བཅུ། །ཟླ་གསང་ཐིག་ལེ་སྟོང་ཕྲག་བདུན། །རྡོ་རྗེ་ས་འོག་རྒྱ་ཉི་ཤུ། །ཅོད་པན་རྡོ་རྗེ་བདུན་རྒྱ་ལྔ། །ཁྲོ་ཟླ་ཐིག
330a2 ལེ་འབུམ་ཕྲག་ལྔ། །རྡོ་རྗེ་རྣམ་རྒྱལ་རྒྱ་དགུ་བརྒྱ། །མཉམ་ཉིད་གསང་བ་སྟོང་ཕྲག་ལྔ། །རྡོ་རྗེ་གསང་མཛེས་སྟོང་ཕྲག་བདུན། །ནོར་བུ་གསང་ཐིག་འབུམ་འཕྲག་བཅུ། །སྣང་མཛད་རྫུ་འཕྲུལ་སྟོང་དང་རྒྱ། །
330a3 རྡོ་རྗེ་གསང་རྒྱན་སྟོང་ཕྲག་གཅིག་།རྡོ་རྗེ་ཐོད་པ་ཉིས་རྒྱ་རྒྱ། །དེ་ཉིད་རྒྱ་སྟོང་རྒྱ་སྟོང་བདུན། །དམ་ཚིག་མངོན་བརྒྱན་སྟོང་ཕྲག་གསུམ། །འཇམ་དཔལ་དཔའ་བོ་འབུམ་ཕྲག་གཅིག་།གསང་ཆེན་འདུས་པ་བརྒྱ་ལྔ་བཅུ། །རིན
330a4 ཆེན་སྡོང་པོ་དགུ་བརྒྱ་བདུན། །དུས་ཀྱི་ཐིག་ལེ་བརྒྱ་བརྒྱད་བཅུ། །ལྷ་མོ་བསྟན་ཆོས་ལྔ་བརྒྱ་བདུན། །འདི་རྣམས་དགོངས་པའི་བྱེ་བྲག་གིས། །ང་ཡིས་ཡང་དག་བསྟན་པར་བྱ། །འདི་ནི་གཉིས་གཉིས་འཁྱུད་པ་ཡིས། །
330a5 རྒྱུད་ཀྱི་དབྱེ་བ་བསྟན་པའོ། །དེ་བཞིན་དུ་ནི་ཡན་ལག་བཅངས། །རྒོད་དང་བལྟས་པས་ཤེས་པར་བྱ། །དེ་བཞིན་ཞེ་སྡང་གཏི་མུག་གིས། །རྒྱུད་རྣམས་ཀུན་ཀྱང་ཤེས་པར་བྱ། །མཁའ་འགྲོ་མ་ཡི་རྒྱུད་ཀུན
330a6 ཡང་། །འདི་ཡི་རིམ་པས་ཤེས་པར་བྱ། །ཕྱི་ནང་དབྱེ་བར་ཤེས་པ་ཡིས། །རྒྱུད་ཀྱི་དབྱེ་བ་ཤེས་པར་བྱ། །ནང་དུ་བསྟན་པའི་བླ་མ་ལས། །ཡང་དག་བླངས་ཏེ་བསྒྲུབ་པར་བྱ། །ཅི་བཞིན་གནས་པ་ལ་དགོངས་ཏེ། །
330a7 བདེ་བར་གཤེགས་པས་རྒྱུད་ཀུན་བསྟན། །རྡོ་རྗེ་སྙིང་པོའི་བརྒྱན་གྱི་རྒྱུད། །འདིའི་རྒྱུད་ནི་མཁའ་འགྲོ་ཕ། །རྒྱུད་རྣམས་ཀུན་གྱིས་ཕྱི་མོ་སྟེ། །གཞན་དུ་མ་བསྒྲགས་དོན་གང་ཞིག་།འདི་རུ་ཡང་དག་བསྟན་པ་ཏེ། །རྣལ་འབྱོར
330a8 གང་ཞིག་ལེན་པ་འམ། །སྒོམ་པར་བྱེད་དམ་འཆད་པ་འམ། །ཀློག་པར་བྱེད་པ་རྣལ་འབྱོར་ཆེ། །དེ་ཡང་དེ་དང་འདྲ་བར་འགྱུར། །དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་རྒྱུད་ཐམས་ཅད་དབྱེ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།
iiif viewer powered by OpenSeadragon
329b - 330b