| | e-texts navigator
|
325a1 རྣམ་པར་འཕྲུལ་པ་བྱིན་གྱིས་བརླབ། །ཀུན་ལ་ཁྱབ་པར་བྱེད་པ་ཡི། །སྣ་ཚོགས་དབུས་སུ་གཞག་ནས་ནི། །དེ་ཉིད་ཆེན་པོ་བདག་ཉིད་ལྔས། །ཕྱོགས་བཞི་འཁོར་ལ་ཁྱབ་བྱ་སྟེ། །དགའ་བས་དགའ་བྱེད་བཞི་ཡང་སྤྲོ། །
325a2 ཏིང་འཛིན་ཀུན་གྱི་དགའ་བ་ལ། །འོས་པར་བྱེད་པའི་སྔགས་པ་ཡི། །འཁོར་ལོ་དང་ནི་རྡོ་རྗེའི་གཟུགས། །པད་མའི་གཟུགས་ལ་དེ་དག་ནི། །འཁོར་ལོ་ཀུན་ལ་པད་མ་ཡི། །ངོ་བོ་ཡིས་ནི་རོལ་པ་དང་། །ེ་ཞེས་བྱ་བ་འཕྲོ་བ་ལས། །
325a3 མདོག་ལྡན་བདག་ཉིད་གཟུགས་སུ་བྱ། །མཛེས་པའི་རྒྱན་རྣམས་ཀུན་ལྡན་པའི། །ཉིད་ཀྱི་གདན་ལ་བཞུགས་པར་བལྟ། །སྒེག་དང་གླུ་དང་གར་རྣམས་དང་། །རྒྱལ་མཚན་ལ་སོགས་ཚོན་དགྱེ་དང་། །སིལ་སྙན་མཆོད་པའི
325a4 རྣམ་པ་ནི། །སྣ་ཚོགས་རྣམས་ཀྱིས་མཆོད་པ་བྱ། །རྣམ་པ་ཀུན་དང་ལྡན་པར་ནི། །བདག་ཉིད་ཀྱི་ནི་ལུས་བསྒོམས་ནས། །མྱུར་ཆེས་བྱ་བ་བུལ་བ་དང་། །མི་གསལ་གུག་སྐྱེད་ཉམས་པ་དང་། །རྟོག་པ་ངན་པ་རྣམ་པར
325a5 སྤངས། །དེ་ནས་གསང་སྔགས་བཟླས་བརྗོད་བྱ། །བཟླས་པས་སྐྱོ་ན་ལག་གཡས་ཀྱིས། །བསྒྲིམས་ནས་རྡོ་རྗེ་གསོར་ནས་སུ། །གཡོན་པས་དྲིལ་བུ་ལ་བསིལ་ཞིང་། །རྡོ་རྗེ་གླུ་ཚུལ་སྣ་ཚོགས་དང་། །བ་དན་ཚུལ་དུ་བྱས་པས
325a6 མཆོད། །བཟླས་པ་ཡིས་ནི་འཇུག་བརྟུལ་ནས། །གཤེགས་སུ་གསོལ་དང་རང་ཉིད་འགྲུབ། །ལུས་དང་ངག་དང་སེམས་བསྒོམས་ཏེ། །བརྟན་པོར་ཅི་བདེར་འགྲོ་བར་བྱ། །བར་ཆད་དུ་ནི་གྱུར་ན་ཡང་། །ཡི་གེ་བརྒྱ་པས་བྱིན་གྱིས་བརླབ། །
325a7 དེ་ལྟར་བསྒོམ་པས་བསྒོམ་བྱེད་པ། །རྡོ་རྗེ་ཐེག་པས་རབ་རྫོགས་པའི། །བྱང་ཆུབ་དེ་ནི་མྱུར་ཐོབ་ནས། །ཟླ་ཉི་དཀྱིལ་འཁོར་ལྟ་བུར་སྣང་། །སྣ་ཚོགས་ལས་ཀྱི་ཐོག་འདྲེན་ཅིང་། །རིན་ཆེན་རྒྱལ་མཚན་རབ་དགའ་བྱེད། །རྒྱལ་བྱེད་པད
325a8 མའི་གདུང་བརྒྱུད་ཅན། །གནས་ཆེན་འཇིག་རྟེན་དབང་ཕྱུག་འགྱུར། །དཔལ་ལྡན་རིག་སྔགས་ཀུན་གྱི་གཙོ། །དགའ་ཆེན་འདོད་དགུར་ལྕགས་ཀྱུར་འགྱུར། །སྒྱུ་མ་བཞི་བ་ཀུན་ཤེས་ཤིང་། །དྲེགས་པ་འཇོམས་བྱེད་ཁྲོ་བར་འགྱུར། །
iiif viewer powered by OpenSeadragon
324b - 325b