| | e-texts navigator
|
321a1 ནུབ་ཕྱོགས་སུ་ནི་རྨ་བྱ་བཤད། །དེ་བཞིན་བྱང་ཕྱོགས་ནམ་མཁའ་ལྡིང་། །མི་བསྐྱོད་ཁྲོ་བོ་བབས་པ་ནི། །མཐིང་ག་དཀར་པོ་དམར་པོའི་ཞལ། །རྡོ་རྗེ་ཕྱག་རྒྱ་ཐུགས་ཀ་ན། །མཐིང་ག་ཁ་དོག་གསལ་ལ་བཟང་། །གཡས་ན
321a2 རིན་ཆེན་འཁོར་ལོ་སྟེ། །རལ་གྲི་པད་མ་གཡོན་པ་ན། །འཇིག་རྟེན་ཁམས་ནི་ཀུན་འཁྲུག་པའོ། །བརྟུལ་ཞུགས་ཅན་གྱིས་ཞལ་གསུམ་བསམ། །དང་པོ་ཡི་ནི་སྟོང་པ་ཉིད། །གཉིས་པ་དེ་བཞིན་མཚན་མ་མེད། །གསུམ་པ་སྨོན་པ
321a3 མེད་པ་ཡི། །ཞལ་དུ་མཁས་པས་རིག་པར་བྱ། །ཕྱག་དྲུག་རྟག་ཏུ་འབར་བར་བསྒོམས། །མཚོན་ཆ་སྣ་ཚོགས་རྣམས་དང་ལྡན། །པད་མ་ལ་ནི་མཉམ་གཞག་ནས། །ཡེ་ཤེས་ཕྱག་རྒྱ་སྙིང་ག་ནང་། །དབུས་ཀྱི་གནས་སུ་བསམ
321a4 པ་ནི། །རྡོ་རྗེ་སྐྱིལ་མོ་ཀྲུང་དུ་གནས། །ཤར་གྱི་གནས་སུ་བསམ་པ་ནི། །སྔགས་པ་རྣམ་སྣང་ཐུབ་པ་སྟེ། །དཀར་དང་མཐིང་ག་དམར་བའི་ཞལ། །འཁོར་ལོ་ཕྱག་རྒྱ་སྙིང་ག་ན། །རྡོ་རྗེ་འབར་སོགས་འོད་གསལ་བ། །རིན་ཆེན
321a5 རྡོ་རྗེ་གཡས་པ་ན། །རལ་གྲི་པད་མ་གཡོན་པ་ན། །རྣལ་འབྱོར་ཅན་གྱིས་རྟག་པར་བསམ། །ཐོར་ཚུགས་དབུ་རྒྱན་དག་གིས་བརྒྱན། །རིན་ཆེན་མགོན་པོ་ལྷོ་ཕྱོགས་ན། །སེར་དང་མཐིང་ག་དཀར་བའི་ཞལ། །རིན་ཆེན
321a6 ཕྱག་རྒྱ་སྙིང་ག་ནས། །མ་རྒད་ལྟ་བུར་སྣང་བའོ། །གཡས་ན་འཁོར་ལོ་རལ་གྲི་སྟེ། །རྡོ་རྗེ་པད་མ་གཡོན་ནའོ། །རྟག་པར་རྣལ་འབྱོར་པས་བསམ་པ། །རིན་ཆེན་ཆར་དུ་འབེབས་པའོ། །ནུབ་ཕྱོགས་གནས་སུ
321a7 དགོད་བྱ་བ། །སྣང་བ་མཐའ་ཡས་བསམ་པ་ནི། །དམར་དང་མཐིང་ག་དཀར་བའི་ཞལ། །པད་མ་རཱ་གའི་མདོག་ལྟ་བུ། །པད་མའི་ཕྱག་རྒྱ་སྙིང་ག་ན། །རྡོ་རྗེ་རིན་ཆེན་གཡས་པ་ན། །འཁོར་ལོ་རལ་གྲི་གཡོན་པ་ན། །
321a8 པད་མ་ལ་ནི་མཉམ་གཞག་བསམ། །བྱང་ཕྱོགས་གནས་སུ་དོན་གྲུབ་ནི། །ལྗང་གུ་མཐིང་ག་དཀར་བའི་ཞལ། །རལ་གྲི་ཕྱག་རྒྱ་སྙིང་ག་ན། །འབར་བའི་ཕྲེང་བས་མཉམ་པའིའོ། །པད་མ་རྡོ་རྗེ་གཡས་པ་ན། །འཁོར་ལོ
iiif viewer powered by OpenSeadragon
320b - 321b