e-texts navigator
Collection
Volume
Page
Wylie

320b1 སེམས་ཀྱི་རྡུལ་ཕྲན་ཆ་དྲུག་རྣམས། །ཕྱོགས་བཅུ་དག་དུ་ཕྱེ་ནས་སུ། །ཆོས་ཀྱི་དོན་རྣམས་དེས་བསལ་ནས། །ཤིན་དུ་དྲི་མེད་སེམས་དག་པ། །འདས་དང་མ་འོངས་པ་ཡི་སེམས། །ད་ལྟར་ཡང་ནི་དམིགས་སུ་མེད། །
320b2 གཉིས་མེད་དེ་ལ་གཉིས་མེད་མེད། །ནམ་མཁའ་ཞེས་པའང་གནས་པ་མེད། །དེ་ལྟར་ཀུན་དུ་བརྟགས་ནས་སུ། །འགྲོ་བ་ཐམས་ཅད་ཤིན་དུ་སྟོང་། །དྲི་མེད་རྣལ་འབྱོར་ཉིད་ཀྱི་ཡིན། །དངོས་པོ་མེད་པར་རང་སེམས་བསམ། །
320b3 འགྲོ་བ་འདི་ནི་དེ་ལྟ་བུའི། །དངོས་པོ་གང་དག་ཡོད་མིན་ན། །སྡུག་བསྔལ་སྣ་ཚོགས་གང་དག་ལགས། །སེམས་ཉམས་སེམས་ཅན་འབྱུང་བར་བསྒོམ། །འོན་ཀྱང་སྔོན་གྱི་སྨོན་ལམ་ཤུགས། །དབྱངས་ཡིག་སྤེལ་བའི
320b4 གླུ་ལྡན་བྱ། །རིན་ཆེན་སེམས་ནི་རྨུགས་པ་ལ། །བདེ་གཤེགས་རྣམས་ཀྱིས་བསྐུལ་བར་སྣང་། །ཤཱུ་ནྱ་ཏཱ་ཏི་ཡོག་པཱ་ད~ཾ་སྭཱ་ཧཱ། པྲ་བྷ་བཱ་ཨཱ་ཀཱ་ཤཏ་མཱ་པ་ག་ཏ་ས་མ་ཡ་ཨུ་པ་ཏ་པ་ཡན་ཏི་སུ་ག་ཏ་སུ་ག་ཏི་ག་ཏི་ཤྲཱི་བཛྲ་སྭཱ་ཧཱ།
320b5 པཱུ་པུ་སྟ~ཾ་ཧ~ཾ། རྣམ་རྟོག་ཀུན་སྤངས་དྲི་མེད་པའི། །རྣམ་པར་མི་རྟོག་སྒོམ་པའི་སེམས། །སྔགས་ཀྱི་དེ་ཉིད་བསྐྱོད་བྱས་ལ། །ཧཱུ~ཾ་ཞེས་པ་ཡི་གཟུགས་སུ་བརྟག་།ཏིང་ངེ་འཛིན་གྱིས་དབང་འགྱུར་ན། །གང་ཕྱིར་དེ་ནི་བསྒོམ
320b6 པས་ཐོབ། །དམ་པ་ནམ་མཁའི་དབྱིངས་ལ་གནས། །བྱང་ཆུབ་སེམས་ཚོགས་དེར་བཅས་ལ། །རྣལ་འབྱོར་ཡིད་ཀྱིས་ཀུན་བསམས་ནས། །རྒྱས་པར་རྣམ་པར་བརྟག་པར་བྱ། །ཡི་གེ་བྷྲུ~ཾ་གྱིས་ལྷ་ཡི་གནས། །རྡོ་རྗེ་རིན་ཆེན
320b7 གྱིས་ནི་བརྒྱན། །སྒོ་ཁྱུད་རྟ་བབས་ཀ་བ་དག་།དར་གྱི་ཕྲེང་བས་རྣམ་པར་ཀླུབས། །གྲུ་བཞི་པ་ལ་སྒོ་བཞི་པ། །དྲིལ་བུའི་དྲ་བ་དག་གིས་བརྒྱན། །རྟག་པར་དོ་ཤལ་མེ་ལོང་དང་། །མེ་ཏོག་ཕྲེང་བས་རྒྱན་རྣམས་བྲེས། །དེ་ཡི
320b8 དབུས་སུ་སེང་གེའི་གདན། །སེང་གེ་བརྒྱད་ཀྱིས་རྣམ་པར་བརྒྱན། །སྨོན་ལམ་དབང་གིས་དེ་དག་ཀུན། །བྱང་ཆུབ་སེམས་དཔའ་མཐུ་བོ་ཆེ། །ཤར་ཕྱོགས་བ་གླང་ཤིན་དུ་རྒྱས། །ལྷོ་ཕྱོགས་རྟ་ཡི་གདན་བཟངས་ཏེ། །




iiif viewer powered by OpenSeadragon

320a - 321a

Texts on this page

J428 - dpal rdo rje snying po rgyan gyi rgyud ces bya ba