e-texts navigator
Collection
Volume
Page
Wylie

298a1 བཞིན་ནོ། །དཔུང་པ་དང་ནི་ལག་པ་དང་། །ལག་པ་གཡོན་པར་རབ་ཏུ་བརྟག་།དཔྱི་དང་བརླ་དང་བྱིན་པ་དང་། །རྐང་པ་གཡས་གཡོན་དེ་བཞིན་ནོ། །གཟུགས་དེ་ཡི་ནི་གྲངས་མཉམ་པས། །ཏ་ཚན་ཤིན་དུ
298a2 དངོས་གྲུབ་སྟེར། །ུ་ཚན་དེ་བཞིན་དབུས་དང་ནི། །ལག་པ་རུ་ནི་ཡོངས་སུ་བཤད། །རྐང་པ་ཡང་ནི་རི་ཏིའི་ཚན། །འདས་པའི་ཚུལ་དུ་བཞུགས་པ་ཡིན། །དེ་བཞིན་ཉིད་ཀྱི་སྦྱོར་ལྡན་པའི། །སྔགས་པ་རྣམས
298a3 ཀྱིས་ཤིན་དུ་མཐོང་། །ལྷུན་གྱིས་གྲུབ་པའི་དངོས་གྲུབ་པ། །མེ་ཏོག་གིས་མཛེས་ཕྲེང་བ་བཞིན། །རང་རྒྱུད་ཀྱིས་ནི་ནང་ཉིད་དུ། །ལྷ་མཆོག་དག་ནི་བྱ་བ་ཡིན། །དགོངས་པ་ལ་སོགས་རྣམ་པ་ཀུན། །དེ་ཉིད་ལས་ནི་བདག
298a4 འགྲུབ་འགྱུར། །ཚ་བའི་གཞི་བཞི་སྟེ་སྦྱོར་བས། །མཁས་པ་ཡིས་ནི་སྒོ་རྣམས་བྱ། །ཀ་ཙ་ན་ཏ་པ་ཚན་ཡང་། །དབུས་དང་ཤར་ལས་སོགས་སྔོན་འགྲོ། །འགྲོ་ལ་ཕན་པའི་འདོད་པ་ཡང་། །མ་སྤེལ་བར་ནི་མཐོང་བ་ཡིན། །
298a5 ཐམས་ཅད་ཀྱང་ནི་རྫོགས་ཡི་གེ། །ཡི་གེ་ཧ་ཡིས་མཆོད་པར་བྱ། །སྣ་ཚོགས་པ་ནི་འབྱིན་བྱེད་ཅིང་། །འགྲོ་བ་དུས་གསུམ་གཅིག་པའི་དངོས། །ཡི་གེ་ཨ་ནི་ལུས་སུ་བྱ། །ལྷག་མ་རྣམ་པ་དང་བཅས་པ། །མཚམས་མེད་ལྔ
298a6 ཡི་སྦྱོར་བ་ལས། །སྔགས་པ་འགྲོ་བ་ཕན་པར་སྟོན། །ཤ་ཐོག་མཐར་གནས་སྔགས་ལས་སྐྱེ། །དབང་བསྐུར་གསུམ་པོ་སྤྱི་ལས་སྐྱེ། །གཟུགས་མེད་རྟོགས་པའི་ཆོས་རྣམས་ནི། །སྐད་ཅིག་གཅིག་གིས་ངེས་སྦྱོར་གྱུར། །
298a7 དེ་ཚེ་དཀྱིལ་འཁོར་མེད་བྱས་པ། །འཇིག་རྟེན་པ་ཡི་ཆོས་དགར་འགྱུར། ། ཀུ་ཧ་གནས་བྱང་ཕྱོགས་གནས། །ཡོད་པ་ཉིད་ཀྱང་དུས་གསུམ་འདས། །གང་དང་གང་ནས་བྱུང་བ་ཡི། །གསང་སྔགས་བསམ་གྱིས་མི་ཁྱབ
298a8 གསུངས། །དེ་དང་དེ་ནི་བཞུགས་གྱུར་པ། །རང་གི་མཚན་མ་གཅིག་ཤོས་ཉིད། །གཟུགས་མེད་འདི་ལ་གནས་ཡོད་པ། །ཆ་ནི་གསུམ་ཞེས་བྱ་བར་འགྱུར། །སྟེང་འོག་ཕྱོགས་ཀྱི་ཆ་རྣམས་སུ། །དངོས་མེད་པ་ནི་རྣམ་པར་གནས། །




iiif viewer powered by OpenSeadragon

297b - 298b

Texts on this page

J425 - dgongs pa lung bstan pa zhes bya ba'i rgyud