e-texts navigator
Collection
Volume
Page
Wylie

296b1 གྱིས་ཡང་དག་སྡུད། །འདི་ནི་མཁར་ལྟར་རང་བཞིན་གཅིག་།གནས་མེད་གནས་པ་ཞེས་བྱ་བ། །བསྡུ་བར་བྱས་པར་གྱུར་པས་ཀྱང་། །སྐུ་གསུམ་དོན་གྱི་ཆོས་ཉིད་དོ། །འདི་ནི་ཐོག་མཐའ་མེད་པ་སྟེ། །དངོས་པོ་མེད་ཅིང་གནས
296b2 མེད་པ། །མཐའ་མེད་ཟད་པ་མེད་པར་འགྱུར། །སྐུ་གསུམ་དག་ནི་རྐྱེན་ལས་ནི། །རྣམ་པའི་འཇུག་པའི་ཡེ་ཤེས་ཏེ། །དེ་ལས་སངས་རྒྱས་སྙིང་པོར་གྱུར། །ཧཱུ~ཾ་གིས་སེམས་ཅན་ཡང་དག་འབྱིན། །སངས་རྒྱས་སྐུར་ནི་རབ་ཏུ
296b3 བརྟག་། ཨཾ་ནི་ཐམས་ཅད་སྡུད་པ་སྟེ། །ཱཿནི་གནས་པ་སོར་འགྱུར་རོ། །གཅིག་པུ་རྣམ་གསུམ་དེ་བཞིན་ལྟ། །གསལ་དང་མི་གསལ་སྦྱོར་བ་ནི། །རྟེན་འབྲེལ་ཆོས་ཉིད་འདི་ཡིན་ཏེ། །དེ་ཉིད་ཀྱི་ནི་སྔགས་བཤད་པའོ། །
296b4 ཟློས་དང་བསམ་གཏན་རྣམ་བྲལ་བར། །དེ་ཡི་ལྷུན་གྲུབ་འབྲས་བུ་སྟེར། །རང་བཞིན་གྲུབ་པ་འདི་ཡིན་ཏེ། །འདོད་པའི་བཟླས་པར་དེ་བཤད་དོ། །རྣལ་འབྱོར་པ་ལ་དེ་གསལ་ཏེ། །བྱིས་རྣམས་དེ་ལ་ཕྱིན་ཅི་ལོག་།རྐྱེན་ལས་བྱུང་བ་དེ
296b5 ཉིད་གསུམ། །དངོས་པོ་མེད་པར་དེ་བཤད་དོ། །དེ་ཉིད་བསྡུས་པ་བཤད་པ་ནི། །ཡིད་མིན་པ་ཡི་བཟླས་པར་གྱུར། །ཡིད་རྟོན་གཅིག་ནི་མདོར་བསྡུས་ལས། །རིངས་དང་དལ་དང་གནས་པ་རྣམས། །ཞི་བའི་ཆོས་ཉིད་ལ་སྐྱེ་སྟེ། །
296b6 ནམ་མཁའི་དབྱིངས་དང་མཉམ་པར་ཐིམ། །དངོས་པོ་མེད་པའི་དེ་ཉིད་འདི། །རྟེན་འབྱུང་ཆོས་ཤེས་བྱ་བ་ཡིན། །ལོངས་སྤྱོད་རྫོགས་པའི་བསྡུས་དེ་གྱུར། །སྤྲུལ་པ་བསམ་མི་ཁྱབ་ཅེས་དབེན། །སྡུད་པ་པོར་ནི་གང་གྱུར་པ། །
296b7 དེ་ཡང་ཕུལ་དུ་གྱུར་པའི་མིང་། །རྡོ་རྗེ་ལ་སོགས་ཡང་དག་སྦྱར། །སེམས་ཅན་རྣམས་ནི་དེ་སྦྱོར་བྱེད། །དམ་ཚིག་ལ་སོགས་སྔོན་དེ་ནི། །དེ་ཉིད་ཀྱིས་ནི་རྡོ་རྗེར་སྦྱར། །
296b8 སེམས་ཅན་དགོངས་པའི་སྦྱོར་བ་ཡིས། །དེ་ཡི་ཆོས་རྣམས་སྟོན་པར་བྱེད། །རྣམ་པ་དགུ་པོ་ཐོག་མཐའ་ཅན། །སྡུས་པ་པོ་རྣམས་བྱས་པ་ཡིན། །གསང་སྔགས་དེ་ཉིད་གནས་དགོད་པས། །




iiif viewer powered by OpenSeadragon

296a - 297a

Texts on this page

J425 - dgongs pa lung bstan pa zhes bya ba'i rgyud