e-texts navigator
Collection
Volume
Page
Wylie

179a1 རྩ་སྦུབས་ནས་འོད་ཟེར་ཆེན་པོ་ཕྱུང་སྟེ་རང་རང་གི་སྟན་ལ་འཁོད་པར་གྱུར་ཏོ། །དེ་ནས་དེ་རྣམས་ཆུའི་གཏིང་ནས་འཐོན་པ་ལྟ་བུར་སེམས་དགའ་བ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱི་ངོ་མཚར་ཆེན་པོའི་ཆོ
179a2 འཕྲུལ་མཐོང་ནས་ཤིན་ཏུ་མིག་གདངས་ཏེ། བཅོམ་ལྡན་འདས་ལ་དབྱངས་གཅིག་གིས་ཡང་དག་པར་བསྟོད་དོ། །བཅོམ་ལྡན་རོ་གཅིག་གྱུར་པ་ཡི། །ལྷན་ཅིག་སྐྱེས་པའི་དགའ་བས་རྒྱས། །བཅོམ་ལྡན་མཆོག
179a3 ཏུ་ངལ་བསོ་ཀྱེ། །ངག་གི་ལམ་གྱི་སྤྱོད་ཡུལ་འདས། །བཅོམ་ལྡན་ཉིད་ཀྱི་དགྱེས་ཉམས་ལྟར། །འགྲོ་བ་གསུམ་པོ་ཡང་དག་བདེ། །ེ་མའོ་ལྷན་ཅིག་སྐྱེས་བདུད་རྩི། །རོ་བསྟེན་ཐུགས་རྗེ་ཆེན་པོ་སྐྱེ། །
179a4 བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི། །སེམས་ཅན་དོན་ཀུན་གསལ་བར་མཛད། །དེ་ཉིད་གསུམ་གྱི་རོ་གཅིག་པ། །ཕྱག་རྒྱ་ཆེན་པོ་རབ་དབྱེ་བ། །བཅོམ་ལྡན་རྣལ་འབྱོར་ཆེ་ལ་དགྱེས། །འཆིང་བ
179a5 ཐམས་ཅད་གཅོད་མཛད་ཀྱི། །བཅོམ་ལྡན་དགྱེས་པ་ཆེར་མཛད་ཅིང་། །འགྲོ་བ་སྐལ་བཟང་ངེས་པར་མཛད། །ེ་མའོ་རྡོ་རྗེ་ཐེག་པ་བདེ། །རབ་ཏུ་དགའ་ཞིང་མགུ་བ་སྩོལ། །ེ་མའོ་སྔགས་ནི་རབ་རྒྱས
179a6 པ། །རང་བྱུང་གོ་འཕང་སྒྲུབ་པ་པོ། །ེ་མའོ་ཤིན་ཏུ་ཟབ་མོའི་ཆོས། །དམིགས་པ་མེད་པར་སྟོན་པར་མཛད། །ེ་མའོ་རྡོ་རྗེ་འཆང་ཆེན་གཙོ། །གསང་བའི་བདག་པོ་ཤིན་ཏུ་གསང་། །ེ་མའོ་མཆོག
179a7 ཏུ་བྱང་ཆུབ་པ། །ེ་མའོ་སྤྲོས་པ་རྣམ་སྤངས་ཤིང་། །བདེན་པའི་དོན་ནི་གསལ་མཛད་པ། །ཐེག་པའི་སྒྲོན་མས་སྣང་བར་མཛད། །མགོན་པོ་བདག་ཅག་ཁྱེད་དྲིན་གྱིས། །རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ། །
179a8 མགོན་པོ་བདག་ཅག་ལམ་ལོག་ཞུགས། །ཁྱེད་གྱིས་ཡང་དག་ལམ་ལ་བཀོད། །མགོན་པོ་བདག་ཅག་མུན་པར་འཐོམས། །ཡེ་ཤེས་སྣང་བ་ཐོབ་པར་མཛད། །དམ་ཚིག་རྡོ་རྗེ་ཉི་མ




iiif viewer powered by OpenSeadragon

178b - 179b

Texts on this page

J424 - rnal 'byor chen po'i rgyud dpal rdo rje phreng ba mngon par brjod pa rgyud thams cad kyi snying po gsang ba rnam par phye ba zhes bya ba