e-texts navigator
Collection
Volume
Page
Wylie

177a1 སེམས་དཔའ་དེ་དག་ཐམས་ཅད་ཀྱིས་དེ་སྐད་ཅེས་གསུངས་ནས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་བཞུགས་ཏེ། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྐུ་དང་གསུང་དང་ཐུགས་རང
177a2 གི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་དམིགས་ཏེ་ཅང་མི་གསུང་བར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཆེན་པོ་གསང་བ་འདུས་པ་ལས་གསང
177a3 བ་ཐམས་ཅད་སྟོན་པ་རྡོ་རྗེའི་ཡེ་ཤེས་ཀྱིས་བྱིན་གྱིས་རློབ་པ་ཞེས་བྱ་བའི་ལེའུ་སྟེ་བཅོ་བརྒྱད་པ་རྫོགས་སྷོ། ། །། རྒྱ་གར་གྱི་མཁན་པོ་ཨ་ཙཨཱརྱ་ཤྲད་དྷཱ་ཀ་ར་ཝརྨྨ་དང་། ཞུ་ཆེན་གྱི་ལོ་ཙཱ
177a4 བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཏེ་གཏན་ལ་ཕབ་པ། །ལྟག་ལུང་རྒྱུད་འབུམ་ལ་བསྟུན་པའི་ཐང་ཆེན་པ་དང་རྒྱལ་མཚན་རིང་མོ་ཞུས་དག་གྲུབ། །
177a5 @#། །རྒྱ་གར་སྐད་དུ། ཤྲཱི་བཛྲ་མཱ་ལ་ཨ་བྷི་དཱ་ན་མ་ཧཱ་ཡོ་ག་ཏན་ཏྲ་སརྦ་ཏན་ཏྲ་ཧྲི་ད་ཡ་ར་ཧ་སྱ་བི་ཀ་ཊ~ཾ་ཨི་ཏི། བོད་སྐད་དུ། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར
177a6 བརྗོད་པ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་གསང་བ་རྣམ་པར་ཕྱེ་བ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ལ
177a7 ཕྱག་འཚལ་ལོ། །དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན
177a8 གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་ཚད་མེད་པའི་ཕྱག་རྒྱ་ཆེན་པོས་མངོན་པར་རྟོགས་པས་བཞུགས་ཏེ། དཔག་ཏུ་མེད




iiif viewer powered by OpenSeadragon

176b - 177b

Texts on this page

J423 - rgyud phyi ma
J424 - rnal 'byor chen po'i rgyud dpal rdo rje phreng ba mngon par brjod pa rgyud thams cad kyi snying po gsang ba rnam par phye ba zhes bya ba