e-texts navigator
Collection
Volume
Page
Wylie

162a1 དཀར་འབར་ཕྲེང་བ་ཅན། །འཁོར་ལོའི་དབུས་སུ་ཆུད་པར་བཞག་།འོད་ཟེར་སེར་པོ་འཁྲིགས་པ་ཡིས། །སེར་པོ་ལྟ་བུར་བསྒོམ་པར་བྱ། །རྡོ་རྗེ་གསུམ་འོད་དམ་ཚིག་གིས། །ས་བོན་འདི་ནི་གསང་གསུམ་བྱུང་། །
162a2 དེ་ནས་སླར་ཡང་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ལུས་དང་ངག་དང་སེམས་སྲུང་བའི་འཁོར་ལོའི་སྔགས་རྡོ་རྗེ་དང་ལྡན་པ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ོཾ་ཧུ་ལུ་ཧུ་ལུ།
162a3 ཏིཥྛ་ཏིཥྛ། བནྷ་བནྷ། ཧ་ན་ཧ་ན། ད་ཧ་ད་ཧ། ཨ་མྲཱི་ཏེ་ཧཱུ~ཾ་ཕཊ། གྲོ་ག་སོགས་ལ་འཁོར་ལོ་ནི། །ལས་ཀྱི་རྡོ་རྗེ་ལ་གནས་པར། །ཧཱུཾ་ཡིག་དབུས་སུ་བཞག་ནས་སུ། །མིང་ནི་དབུས་སུ་བྲི་བར་བྱ། །སྔགས་ཀྱི་ཡི་གེའི་ཚིག་རྣམས་ཀྱིས། །
162a4 ཡང་དག་བརྒྱན་ཏེ་རྟག་ཏུ་བཞག་།འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། །གསང་བ་གསུམ་གྱི་གནས་བསྡུས་པའོ། །དེ་ནས་སླར་ཡང་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་ཨན་ཛའི་གནས་ཉིད
162a5 ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ལམ་གྱི་བཞི་མདོའམ་ཤིང་གཅིག་དྲུང་། མ་མོའི་གནས་སམ་ཞི་གནས་སུ། །དེ་རུ་རྡོ་རྗེ་ཨན་ཛ་ན། །ཐོད་པར་རྟག་ཏུ་དབབ་པར་བྱ། །མར་ཁུ་ཆེན་པོ་དང་། ཁྲག་དང་བཤང་བ་དང་པད
162a6 མའི་སྐུད་པ་དང་ཨར་གའི་སྐུད་པས་མེ་མར་གྱི་སྙིང་པོ་བྱས་ལ་མར་ངོའི་བཅུ་བཞིའི་ནམ་ཕྱེད་ན། རྡོ་རྗེ་ཨན་ཛ་ན་མཁས་པས་དབབ་པར་བྱའོ། །སྔགས་དེ་ཉིད་ལན་བརྒྱ་རྩ་བརྒྱད་བཏབ་ན་དངོས་གྲུབ་རྣམ་པ་གསུམ་དུ་འགྱུར
162a7 རོ། །ཞེས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་གསུངས་སོ། །དེ་ནས་བཅོམ་ལྡན་འདས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་འདི་སྐད
162a8 ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསང་བའི་ཡི་གེ་དུ་རྟོགས་པ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དམ་ཚིག་གིས་སྤྱད་པའི




iiif viewer powered by OpenSeadragon

161b - 162b

Texts on this page

J422 - de bzhin gshegs pa thams cad kyi sku gsung thugs kyi gsang chen gsang ba 'dus pa zhes bya ba brtag pa'i rgyal po chen po