e-texts navigator
Collection
Volume
Page
Wylie

113b1 པའོ། ། །། དེ་ནས་གཞན་ཡང་བཤད་བྱ་བ། །གསང་བའི་ཆོ་ག་ཉམས་དགའ་བ། །དཔལ་ལྡན་ལྕམ་དྲལ་ཐམས་ཅད་ཀྱི། །སྒྲུབ་པ་རབ་ཏུ་ཉམས་དགའ་ནི། །མགོན་པོ་ཀུན་གྱི་གནས་འདི་ནི། །ཞལ་གཅིག་པ་ལ་ཕྱག་དྲུག་པ། །དང་པོ་གྲི་གུག་ཐོད་ཁྲག
113b2 འཛིན། །སྤྱན་གསུམ་མཐིང་ནག་རྔམ་པ་ཡི། །གཡས་གཡོན་བར་མས་ཕྲེང་བ་དང་། །ཌ་མ་རུ་ནི་འཛིན་ཅིང་བརྡུང་། །ཐ་མ་གཉིས་ཀྱིས་ཁ་ཊྭཱ~ཾ་དང་། །སྡིགས་མཛུབ་ཞགས་པ་འཆང་བར་མཛད། །ཀླུ་བརྒྱད་ཀྱིས་བརྒྱན་ཁྲག་འཛག་ཞལ། །ས་བོན་རང
113b3 སྔགས་ཕྲེང་བ་ཅན། །རྒྱས་བཏབ་པས་ནི་བྱིན་བརླབས་ཤིང་། །རྡོ་རྗེ་སེམས་དཔའ་དབུ་བརྒྱན་པ། །ནྱ་གྲོ་དྷ་ཡི་ཤིང་ལ་བརྟན། །བི་ནཱ་ཡ་ཀ་མནན་པར་བསམ། །ོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷཱན་བི་ནཱ་ཡ་ཀཱ་ནཱན་ཧཱུ~ཾ་ཧཱུ~ཾ་ཕཊ་སྭཱ་ཧཱ། ཤ་ཆེན་བསྲེགས་སྤོས
113b4 ཕུལ་ནས་ནི། །སྐྱོ་བར་གྱུར་ན་གསང་སྔགས་བཟླས། །དེ་ལ་གཏོར་མ་དབུལ་བར་བྱ། །ཁྱད་པར་བྱིན་བརླབས་གྱུར་པར་བྱ། །ཕྲིན་ལས་ཐོགས་པ་མེད་པ་འགྲུབ། །ོཾ་བཛྲ་ཀྲོ་དྷ་ས་མ་ཡ་མ་ཧཱ་ཀཱ་ལཱ་ཡ་ཧཱུ~ཾ་ཕཊ། སྐུའི་མགོན་པོའི་སྔགས་སོ། །ོཾ་མ་ཧཱ
113b5 ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུ~ཾ་ཕཊ། ཡོན་ཏན་གྱི་མགོན་པོའི་སྔགས་སོ། །ོཾ་བཛྲ་མ་ཧཱ་ཀཱ་ལ་རཀྵ་རུ་ཏྲི་བ་ཤ་ནི་ཧཱུ~ཾ་ཕཊ། གསུང་གི་མགོན་པོའི་སྔགས་སོ། །ོཾ་བཛྲ་ཀྲྀཥྞ་ཙཎྜ་མཱ་ར་ཡ་མ་ཧཱ་ཀཱ་ལ་ཙི་ཏ་ལ་ཧྲཱིཿཛཿ། ལས་ཀྱི་མགོན་པོའི་སྔགས་སོ། །ོཾ་མ་ཧཱ་ཀཱ་ལི་ཧ་ན
113b6 བཛྲ་ཧཱུ~ཾ་ཕཊ། ཡི་གེ་བཅུ་པའི་གསང་བའི་མགོན་པོའི་སྔགས་སོ། །ོཾ་ཙཎྜེ་ཤྭ་རི་ཡེ་སྭཱ་ཧཱ། གཏུམ་པ་མོའི་སྔགས་སོ། །ོཾ་ཙཎྜི་ཙ་ཀཱི་ཡེ་སྭཱ་ཧཱ། དྲག་མོའི་སྔགས་སོ། །ོཾ་ཀཱ་ལི་ཀ་ཡེ་སྭཱ་ཧཱ། ཟློག་བྱེད་མའི་སྔགས་སོ། །ོཾ་ཀུ་ལི་ཤེ་ཥ་རཱི་ཡེ་སྭཱ་ཧཱ།
113b7 དཔའ་མོའི་སྔགས་སོ། །ོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་མཻ་ཏྲི་ཛཿ་བེང་འཛིན་མའི་སྔགས་སོ། །ོཾ་རེ་དན་ཏི་མ་ཧཱ་ཀཱ་ལི་ཏྲི་ཤཱུ་ལ་སརྦ་ཤ་ཏྲཱུ~ཾ་ཛཿ། རྩེ་གསུམ་འཛིན་པའི་སྔགས་སོ། །ོཾ་བཛྲ་མ་ཧཱ་ཀཱ་ལ་ཀྲོ་ཏྲི་གཎྜི་ས་ཡ་ཧཱུ~ཾ་ཕཊ། གཎྜི་འཛིན་པའི་སྔགས་སོ། །ོཾ
113b8 བཛྲ་མ་ཧཱ་ཀཱ་ལ་ཏེ་ཙི་ཙཽ་ཏ་ཀ་ར་མ་རཱ་ཎཱ~ཾ་ཧཱུ~ཾ་ཕཊ་རྒྱལ་མཚན་འཛིན་པའི་སྔགས་སོ། །གསང་བ་བེང་འཛིན་མགོན་པོ་ཡིས། །ལྷ་མ་ཡིན་གྱི་གྲོང་ཁྱེར་ནི། །སུམ་བརྩེགས་ལ་སོགས་ཁང་བཟངས་རྣམས། །ཁྲོ་བོ་ཙན་དན་བེང་བསྣམས་ཀྱིས། །




iiif viewer powered by OpenSeadragon

113a - 114a

Texts on this page

J406 - dpal rdo rje nag po chen po khros pa'i mgon po gsang ba dngos grub 'byung ba zhes bya ba'i rgyud