| | e-texts navigator
|
112a1 ལསྶ་ནི། པདྨཱ་ཀྵི་ཎི། ཛ་ལ་ཛ་ལ་ཁ་ཌི་བྷ་བ་བྷུ་དྷི་ནི། ཤྲཱི་གྷོ་ར་ཎི། ཙནྡྲ་ལེ་ཁ་ནི། ཙནྜ་མུ་ཁི་ནི། ཧ~ཾ་ས་ཝཪྨི་ཎི། ཝཱ་གི་མེ་ཤྭ་ར་ཎི། གྷི་ཏ་རུ་དྲ་ཡེ། ཀ་ར་ཎི་སྭ་ཀ་བྷི་རུ་ས་ནི་མྲི་དྷ་ནི་དྷི། གྷུ་རི་ཎི། ཤ་ཥོ་ནི། སུ་ཤི་གྷྲ~ཾ་ན། བནྡུ་བྷ
112a2 ར་ཎི། ཤྲཱི་མུ་ཁི་ནི། བཪྐ་ལ་ནི། ཀ་ལི་ནི། ཧ་རི་ཎི་ཐཱ་ཡེ། པད་མི་ནི། ན་གྲ་པ་ཨཀྵི་ཎི། བྷཱི་མ་ལ་ཙཎ་གྲི་ཎི་སྭཱ་ཧཱ། བྷཀྵ་བྷཀྵ་སརྦ་ཡོ་གི་ནི་ཀཱ་མེ་ཤྭ་རི། སརྦ་དུཥྚ་གརྫ་གརྫ་གྲྀཧྞ་གྲྀཧྞ་ཧཱུ~ཾ་ཕཊ། ཚེས་བརྒྱད་དང་ནི་ཉ་བ་དང་། །
112a3 ཉི་ཤུ་དགུ་དང་དགུ་སྟོང་དང་། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ལས་ནི་ཐེ་ཚོམ་མེད་འགྲུབ་པའོ། །དབྱུག་གུ་དག་པའི་ཕོ་ཉ་དང་། །ཆུ་ཚོད་ཀྱི་ནི་མ་མོ་དང་། །འཕོ་བ་གནོད་སྦྱིན་བརྒྱ་ཕྲག་གཉིས། །ཐུན་ནི་ཕོ་ཉ་བརྒྱ་དག་གོ། དུས
112a4 སྦྱོར་བཅུ་གཉིས་གནས་པའི་ཡུལ། །ཉི་ཤུ་རྩ་བཞི་དེ་ཡི་ཕྱེད། །རྩ་རླུང་ཡི་གེ་ཁམས་ལ་རྒྱུ། །འཆིང་གྲོལ་ཚར་གཅོད་རྗེས་འཛིན་པའོ། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས་ཕྱི་དང་ནང་གི་དངོས་པོ་ཕོ་ཉ
112a5 མའི་ལས་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ། ། །། དེ་ནས་གཞན་ཡང་བཤད་བྱ་བ། །ནག་པོ་ཆེན་པོ་གཏུམ་པོ་ནི། །ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་ཅིང་། ། ལ་ལ་ཡི་སྒྲ་སྒྲོགས་པ། །རབ་འཇིགས
112a6 བཞེངས་པའི་སྟབས་ཀྱིས་ནི། །གསང་བ་མཆོད་བྱེད་ལྷ་མོ་བརྒྱད། །ཀུན་ནས་གར་གྱིས་རོལ་པ་སྟེ། །འདི་ཡིས་ཕྲིན་ལས་དབང་ཐོབ་བྱེད། །ོཾ་བཛྲ་ཀ་ཝུ་བ་མ་ཧཱ་ཀཱ་ལཱ་ཡཻ་ཧཱུ~ཾ་ཧཱུ~ཾ་ཕཊ། ཨོཾ་གྲཱི་དྷྲ་ས་གཱ་ཡཻ་ཧཱུ~ཾ་ཧཱུ~ཾ་ཕཊ།
112a7 ཨོཾ་བྷ་ག་བྱཱ་གྷཱ་ཡེ་ཧཱུ~ཾ་ཧཱུ~ཾ་ཕཊ། ཨོཾ་བྷ་ན་སུ་བ་རཱ་ཡཻ་ཧཱུ~ཾ་ཧཱུ~ཾ་ཕཊ། ཨོཾ་སི་མ་ལཱ་ཡཻ་ཧཱུ~ཾ་ཧཱུ~ཾ་ཕཊ། ཨོཾ་བྷ་ན་ཤྭཱ་ནཱ་སྱཻ་ཧཱུ~ཾ་ཧཱུ~ཾ་ཕཊ། ཨོཾ་ཀྲོ་ཎ་དྷ་ཀ་རཱ་སྱཻ་ཧཱུ~ཾ་ཧཱུ~ཾ་ཕཊ། ཨོཾ་ཨུ་ལཱུ་ཀཱ་སྱཻ་ཧཱུ~ཾ་ཧཱུ~ཾ་ཕཊ། ཨོཾ་ག་རུ་ཌ་ས་གཱ་སྱཻ་ཧཱུ~ཾ་ཧཱུ~ཾ་ཕཊ།
112a8 འདི་ནི་དཔལ་ནག་པོ་ཆེན་པོ་འཁོར་ལྷ་མོ་བརྒྱད་དང་བཅས་པའི་སྔགས་སོ། །མཚན་ཕྱེད་དུས་ན་གཏོར་མ་འབུལ། །ཤ་ལྔ་དང་ནི་བདུད་རྩི་ལྔ། །མྱོས་བྱེད་སྟོབས་དང་བཅས་པས་མཆོད། །གསང་བ་སྒྲུབ་པའི་མཆོག་ཏུ་བཤད། །བསྙེན
iiif viewer powered by OpenSeadragon
111b - 112b