e-texts navigator
Collection
Volume
Page
Wylie

140a1 འདི་ནི་སངས་རྒྱས་མཆོག་ཏུ་གདགས་པ་ཞེས་བྱའོ། །ཆོས་མཆོག་ཏུ་གདགས་པ་གང་ཞེ་ན། འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་རྣམས་གང་ཡང་རུང་སྟེ། དེ་དག་གི་ནང་ན་ནི་འདོད་ཆགས་དང་བྲལ་བའི་ཆོས
140a2 མཆོག་ཡིན་པར་བསྟན་ཏོ། །ཆོས་ལ་མངོན་པར་དགའ་བ་སུ་ཡང་རུང་བ་དེ་དག་ནི། མཆོག་ལ་མངོན་པར་དགའ་བ་ཡིན་ཏེ། མཆོག་ལ་མངོན་པར་དགའ་བ་དེ་དག་ནི། རྣམ་པར་སྨིན་པ་ཡང་ལྷ་རྣམས་ཀྱི་ནང་དུ་ལྷར་གྱུར་པ་རྣམས
140a3 སམ། མི་རྣམས་ཀྱི་ནང་དུ་མིར་གྱུར་པ་རྣམས་ཀྱི་མཆོག་འབའ་ཤིག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། འདི་ནི་ཆོས་མཆོག་ཏུ་གདགས་པ་ཞེས་བྱའོ། །དགེ་འདུན་མཆོག་ཏུ་གདགས་པ་གང་ཞེ་ན། ཚོགས་སམ། འདུས་པ་འམ། མང་པོ
140a4 འམ། འཁོར་གང་ཡང་རུང་སྟེ། དེ་དག་གི་ནང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱི་དགེ་འདུན་མཆོག་ཡིན་པར་བསྟན་ཏོ། །དགེ་འདུན་ལ་མངོན་པར་དགའ་བ་སུ་ཡང་རུང
140a5 བ་དེ་དག་ནི་མཆོག་ལ་མངོན་པར་དགའ་བ་ཡིན་ཏེ། མཆོག་ལ་མངོན་པར་དགའ་བ་དེ་དག་ནི་རྣམ་པར་སྨིན་པ་ཡང་ལྷ་རྣམས་ཀྱི་ནང་དུ་ལྷར་གྱུར་པ་རྣམས་སམ། མི་རྣམས་ཀྱི་ནང་དུ་མིར་གྱུར་པ་རྣམས་ཀྱི་མཆོག་འབའ་ཤིག་ཏུ་འགྱུར
140a6 བར་ཤེས་པར་བྱ་སྟེ། འདི་ནི་དགེ་འདུན་མཆོག་ཏུ་གདགས་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །མཆོག་ཏུ
140a7 གདགས་པའི་མདོ་རྫོགས་སོ། ། །། @#། །རྒྱ་གར་སྐད་དུ། བི་མུག་ཏ་མཱར་ག་དྷུ་ཏ་གུ་ཎ་ནིར་དེ་ཤ་ནཱ་མ། བོད་སྐད་དུ། རྣམ་པར་གྲོལ་བའི་ལམ་ལས་སྦྱངས་པའི་ཡོན་ཏན་བསྟན་པ་ཞེས་བྱ་བ། འཇམ་དཔལ་གཞོན
140a8 ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དེ་ནས་དེ་ལྟར་ཚུལ་ཁྲིམས་རྣམ་པར་དག་པའི་རྣལ་འབྱོར་པ་སྤྱོད་པ་སྒྲུབ་པར་འདོད་པ། ཡོན་ཏན་དོན་དུ་གཉེར་བས་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་ཏེ་འཇུག་པར་བྱའོ། །རྣལ་འབྱོར་སྤྱོད་པ




iiif viewer powered by OpenSeadragon

139b - 140b

Texts on this page

J245 - mchog tu gdags pa'i mdo
J246 - rnam par grol ba'i lam las sbyangs pa'i yon tan bstan pa zhes bya ba