e-texts navigator
Collection
Volume
Page
Wylie

267a1 བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ། གཞན་མ་ཡིན་པ་དེ་བཞིན་ཉིད་དམ། ཡང་དག་པ་ཉིད་དམ། བདེན་པ་ཉིད་དམ། དེ་ཁོ་ན་ཉིད་དམ། ཇི་ལྟ་བ་བཞིན་ཉིད་དམ། མ་ནོར་བ་ཉིད་དམ། ཕྱིན་ཅི་མ་ལོག
267a2 པ་ཉིད་མེད་དེ། གསོག་ཀྱང་དེ་ཉིད་ཡིན་ལ། གསོབ་ཀྱང་དེ་ཉིད་ཡིན། སྙིང་པོ་མེད་པ་ཡང་དེ་ཉིད་ཡིན། བརྫུན་པ་ཡང་དེ་ཉིད་ཡིན། སླུ་བའི་ཆོས་ཀྱང་དེ་ཉིད་ཡིན། བདུད་ཀྱང་དེ་ཉིད་ཡིན། བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད
267a3 ཡིན། རོ་ཡང་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་ཉིད་ཡིན་པས་དེ་ལ་ནི་མངོན་པར་དགའ་བར་བྱ་བ་འམ། མངོན་པར་བརྗོད་པར་བྱ་བ་འམ། ལྷག་པར་ཆགས་པར་བྱ་བ་འམ། ལྷག་པར་ཆགས་ཤིང་གནས་པར་བྱ
267a4 བར་མི་རིགས་ཀྱི། བཅོམ་ལྡན་འདས་ཀྱིས་གསུངས་པ་འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ། །དེས་དེ་ལྟར་ཤེས་ནས་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ
267a5 དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ནད་དུ་ཡང་དག་པར་རྗེས་སུ་མཐོང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག
267a6 པར་རྗེས་སུ་མཐོང་ངོ་། །དེས་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ནད་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་།
267a7 སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་ན། དེའི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས
267a8 པ་དང་། ད་ལྟར་བྱུང་བའི་ཆོས་དག་ལ་ལོག་པར་མོས་པ་འམ། འདུ་ཤེས་ཕྱིན་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ། འདི་ལྟ་སྟེ། བརྣབ་སེམས




iiif viewer powered by OpenSeadragon

266b - 267b

Texts on this page

J229 - mdo chen po sgyu ma'i dra ba zhes bya ba