| | e-texts navigator
|
254a1 གསོབ་ཀྱང་དེ་ཉིད་ཡིན། སྙིང་པོ་མེད་པ་ཡང་དེ་ཉིད་ཡིན། བརྫུན་པ་ཡང་དེ་ཉིད་ཡིན། སླུ་བའི་ཆོས་ཀྱང་དེ་ཉིད་ཡིན། བདུད་ཀྱང་དེ་ཉིད། བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན། རོ་ཡང་དེ་ཉིད་ཡིན། རོའི་གཟུགས
254a2 ཀྱང་དེ་ཉིད་ཡིན་པས་དེ་ལ་ནི་མངོན་པར་དགའ་བར་བྱ་བ་འམ། མངོན་པར་བརྗོད་པར་བྱ་བ་འམ། ལྷག་པར་ཆགས་པར་བྱ་བ་འམ། ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིགས་ཀྱི། བཅོམ་ལྡན་འདས་ཀྱིས
254a3 གསུངས་པ་འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ། །དེས་དེ་ལྟར་ཤེས་ནས་མིག་གིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི
254a4 གཟུགས་ནད་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་མིག་གིས་རྣམ
254a5 པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་རྣམས་ནད་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་།
254a6 བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་ན་དེ་མིག་གིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་དག་ལ་ལོག་པར་མོས་པ་འམ། འདུ་ཤེས་ཕྱིན་ཅི་ལོག་གམ། སེམས
254a7 ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང
254a8 འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤོང་བར་བྱེད་དོ། །དེ་དག་སྤངས་པའི་ཕྱིར་བདུད་ལྡོངས་པ་དང་། ཡི་ཆད་པ་དང་། ཕྱོགས་མེད་པར་བྱས་ཏེ་གནས་ཤིང་བདུད
iiif viewer powered by OpenSeadragon
253b - 254b