| | e-texts navigator
|
331a1 ཐོས་སོ། །གང་སྣོད་དུ་མ་གྱུར་པ་དེ་དག་གི་ནི་རྣ་ལམ་དུ་ཡང་མི་གྲག་གོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ། སྲོག་ཆགས་བདུན་ཁྲི་ཉིས་སྟོང་གིས་བླ་ན་མེད་པ་ཡང་དག་པར
331a2 རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི།
331a3 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ནི་ཐབས་མཁས་པའི་ཕ་རོལ་དུ་ཕྱིན་པ་བསྟན་པར་ཟུང་ཤིག་།སངས་རྒྱས་ཐམས་ཅད་ཀྱི་ཐབས་མཁས་པའི་གསང་བའི་ལེའུར་ཟུང་ཤིག་ཅེས
331a4 བཅོམ་ལྡན་འདས་དགྱེས་ཤིང་། དེ་སྐད་ཅེས་བཀའ་སྩལ་པ་དང་། དགའ་བོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར
331a5 བཅས་པའི་འཇིག་རྟེན་རྣམས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའོ། །ཐབས་མཁས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། །།
331a6 ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས།། །།
331a7 ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཧུནྷེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོདྷ་ཨེ་ཝ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ
iiif viewer powered by OpenSeadragon
330b - 331b