e-texts navigator
Collection
Volume
Page
Wylie

297a1 དང་བཟོད་པ་ལ་གཞོག་པར་བྱེད་དེ། རིམ་གྱིས་ལམ་ཡན་ལག་བརྒྱད་པའི་བར་གྱིས་གཞོག་པར་བྱེད་དོ། །དེ་ནས་དེ་དག་ངན་སོང་གི་འཇིགས་པ་ཆེན་པོ་ལས་ཤིན་དུ་ཐར་བར་བྱེད་དེ་བླ་ན་མེད་པ་ཡང་དག་པར
297a2 རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ས་ལ་འཇོག་པར་བྱེད་དོ། །དེ་ལྟར་དེ་གློག་དང་མཚུངས་པ་དང་། ཕ་རོལ་དུ་ཕྱིན་པ་དྲུག་གི་སྤྱོད་པ་ལ་མཐུ་ཆེ་ཞིང་རྟུལ་བར་འགྱུར་རོ། །དེ་བས་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི
297a3 བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །གལ་ཏེ་དེ་དག་ལ་མངོན་སུམ་དུ་བདག་སྟོན་པར་མི་བྱེད་ན། གང་དེ་ལ་གསོལ་བར་བྱེད་པའི་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཉེས་པ་དང་བཅས་པ་ཐོ་རངས་ཀྱི་ཐུན་ལ
297a4 ལངས་ཏེ་ཁ་ཤར་ཕྱོགས་སུ་བསྟན་ཏེ་འདུག་ལ། ལྷའི་བུ་སྐྱ་རེང་ལ་གསོལ་བ་གདབ་པར་བྱ་བ་འདི་སྐད་དུ་བརྗོད་དོ། །སྐྱ་རེང་སྐྱ་རེང་ཐུགས་རྗེ་ཆེན་པོ་ཅན། བསྐལ་པ་ཆེན་པོ་ཅན་ཁྱོད་འཛམ་བུའི་གླིང་དུ་ཤར་མ་ཐག་ཏུ་བདག་ལ་ཐུགས
297a5 རྗེ་དགབ་པར་མཛོད་ཅིག་། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ཐུགས་རྗེ་ཆེན་པོ་ཅན་ལ་བདག་གི་ཚིག་གིས་སྦྲོན་ཏེ། བདག་གི་རྨི་ལམ་དུ་ཡང་དེ་སྟོན་པར་འགྱུར་ཞིང་བདག་གིས་ཐབས་དེས་ལྟུང་བ་བཤགས་པར་འགྱུར་བ་དང་།
297a6 འཕགས་པའི་ཐེག་པ་ཆེན་པོ་ལ་ཐབས་དང་ཡེ་ཤེས་ཐོབ་པར་མཛོད་ཅིག་ཅེས་སྨྲས་ནས་དེས་དེའི་ཚེ་མལ་དུ་གཉིད་ལོག་པར་བྱ་སྟེ། སྐྱ་རེང་འཛམ་བུའི་གླིང་འདིར་ཤར་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་འདིར་འོང་བར་འགྱུར
297a7 ཏེ། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དེའི་རྨི་ལམ་ན་ཐ་མལ་པར་མདུན་དུ་འདུག་སྟེ། ལྟུང་བའི་རྩ་བ་དེ་ཡང་འཆགས་སུ་འཇུག་།ཡེ་ཤེས་དང་ཐབས་ཆེན་པོས་ཐབས་དང་ཡེ་ཤེས་ལ་མཁས་པ་གང་དག་གིས་བྱང་ཆུབ
297a8 སེམས་དཔའ་ལས་དང་པོ་པ་དེ་དེ་ཉིད་དུ་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར་བ་དང་། ཐེག་པ་ཆེན་པོ་ལ་ཤིན་དུ་བརྟན་པོར་གནས་པར་འགྱུར་བ་དང་། དེ་མྱུར་དུ་ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ




iiif viewer powered by OpenSeadragon

296b - 297b

Texts on this page

J202(a) - 'phags pa nam mkha'i snying po zhes bya ba theg pa chen po'i mdo