e-texts navigator
Collection
Volume
Page
Wylie

326a1 པར་བྱེད་པའི་དགྲ་ཐམས་ཅད་རབ་ཏུ་དད་པར་བྱེད་ཅིང་བཤེས་གཉེན་ཐམས་ཅད་མངོན་པར་འཕེལ་བར་བྱེད་པའོ། །ཏད་ཡ་ཐཱ། ལི་བ་ཏ་སྭ་རེ་ཀཱ་ཤཱ་ཡ། བར་མེ་ས་མེ་བག་གྷེ། དྭ་རང་ག་ཛ་ལེ
326a2 སུ་ཏོ་ཀྵ། སུ་ཏོ་ཀྵེ་སུ་མ་ཏ་བྷ་ཀྵརེ་སུ་ཧ་བུང་གེ། གཽ་ཨ་བ་ལོ་ཀ་ད་ལེ། སིད་དྷི་བྷི་བ་ཀྵེ། ཌྷ་ནན་བི་བ་རེ། ཨ་བིན་དྷ་ལུང་བི། སོ་ཙ་ར་ཙ་ལ། ཨ་བ་བྷ་ས་རེ། བ་ར་ཧ་ཤཏྟྲེ། ཨེ་ཀ་ཧ་ད་ཏོ་ཡེ། ས་མཱ་དྷི་ཀ་ར་ཎི། བ་ལ
326a3 ཛ་བི་ཏི། མ་ཧཱ་དྷ་བྷུ་ཏ་ཀུ་སེ། ཨ་ར་ཎ་ནཱི་ལེ། མ་ལེ་མ་ཤེ་མེ། ནཱི་ལ་ཀུ་སུ་མེ་སྭཱ་ཧཱ། དཔལ་མེ་ཏོག་སེར་པོ་ཞེས་བྱ་བའི་གཟུངས་འདིས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱོད་ཀྱི་བྱམས་པ་ཆེན
326a4 པོའི་གོ་བགོས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ན། དེའི་སྒྲ་ཐ་ན་སེམས་ཅན་སྲོག་ཆགས་སུ་གྱུར་པ་ཕྲ་མོ་ཆུང་ངུ་གང་དག་གི་རྣ་ལམ་དུ་གྲག་པ་དེ་དག་གི་སེམས་ཀྱི་རྙོག་པ་ཉེ་བར་ཞི་བར་བྱེད་པ་དང་།
326a5 དེ་དག་གི་སེམས་དགེ་བའི་རྩ་བ་ལ་གནས་པར་ཡང་འགྱུར་ན་མིར་གྱུར་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས། སེམས་ཅན་ལ་ལ་དག་གིས་ཆར་དབབ་པའི་ཕྱིར་དྲི་ཟ་དང་། ཀླུའི་གནས་དག་ཏུ་གཟུངས་ཆེན
326a6 པོ་འདི་བཟླས་བརྗོད་བྱས་ཏེ། ན་ལེ་ཤམ་གྱི་ཕྱེ་མ་དང་། ཨེ་རན་དའི་མར་དུ་བསྲེས་པ་ལ་དེས་ལན་སྟོང་དུ་བསྔགས་ནས། གོས་ཀྱི་མཐའ་མར་ཕུར་མ་བྱས་ཏེ་ཁྲོན་པར་བཅུག་ན། དེས་ན་དེ་ལ་ཀླུ་རྣམས
326a7 དགའ་བར་འགྱུར་ཏེ། ཆར་གྱི་རྒྱུན་ཆེན་པོ་ཡང་འབེབས་པར་བྱེད་དོ། །དེའི་ཚེ་ཡུལ་དེར་འདུས་པའི་ཀླུ་དང་། ཀླུ་ཆེན་པོ་རྣམས་ཀྱིས་དཔལ་མེ་ཏོག་སར་པ་ཞེས་བྱ་བའི་གཟུངས་ཆེན་པོ་འདི་ཐོས་ནས
326a8 སེམས་རངས་པ་དང་། སྡང་སེམས་མེད་པ་དང་། སེམས་རབ་ཏུ་དགའ་བ་དང་། སེམས་བྱམས་པ་དང་ལྡན་པ་དང་། སེམས་འཇིག་རྟེན་ཕ་རོལ་ལ་ལྟ་བར་གནས་པར་གྱུར་ཏོ། །སེམས་དཀོན་མཆོག




iiif viewer powered by OpenSeadragon

325b - 326b

Texts on this page

J173 - 'dus pa chen po theg pa chen po'i mdo sde las de bzhin gshegs pa'i dpal gyi dam tshig ces bya ba theg pa chen po'i mdo