e-texts navigator
Collection
Volume
Page
Wylie

313a1 རྩུབ་པ་དང་། རོ་མ་མཆིས་པར་བགྱི་བར་རྔོ་མི་ཐོག་ལགས་སོ། །ཉམས་པ་དང་མ་མཆིས་པར་བགྱི་བར་རྔོ་མི་ཐོག་ལགས་སོ། །དོག་ས་ལས་ལོ་ཐོག་མི་འཁྲུང་བར་བགྱི་བར་རྔོ་མི་ཐོག་ལགས་སོ། །རྩུབ
313a2 པ་དང་། རོ་མ་མཆིས་པར་བགྱི་བར་རྔོ་མི་ཐོགས་ལགས་སོ། །ལོ་ཏོག་གི་ས་བོན་དང་། མྱུ་གུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་དང་། འབྲུ་དང་། སྨན་རྣམས་ཀྱི་མདངས་འཕྲོག་པར་རྔོ་མི་ཐོག་ལགས་སོ། །དེ་ལ་དབུགས
313a3 གདུག་པ་གཏོང་བའམ། བསྐོར་བར་ཡང་རྔོ་མི་ཐོག་ལགས་སོ། །རྩུབ་པ་འམ་རོ་མ་མཆིས་པར་བགྱི་བ་ཡང་རྔོ་མི་ཐོག་ལགས་སོ། །མ་སྨིན་པ་རྣམས་ཆབ་སྩལ་བར་ཡང་རྔོ་མི་ཐོག་ལགས་སོ། །ལྷགས་པ་དང་། ཚ་བ་དག
313a4 གིས་ཚིག་པ་དང་། འཚལ་དུ་མི་རུང་བར་བགྱི་བར་རྔོ་མི་ཐོག་ལགས་སོ། །འཚལ་བ་ཙམ་གྱིས་སེམས་ཅན་ལ་ལའི་ལུས་ལ་དབུགས་གདུག་པ་གཏང་བར་རྔོ་མི་ཐོག་ལགས་སོ། །གཞི་དེ་ལྟ་བུ་ལས་སེམས་ཅན་རྣམས་ཀྱིས
313a5 ཟས་འཚོལ་བ་སློན་ནས་ལྟོ་བྲོ་འཚལ་བ་དང་། ཡན་ལག་དང་ཉིང་ལག་བྲོ་འཚལ་ཅིང་འཁུམས་པར་བགྱི་བར་རྔོ་མི་ཐོག་ལགས་སོ། །རིམས་ནད་དང་། བརྗེད་བྱེད་དང་། སེམས་གཡེངས་པ་དང་། དྲན་པ་ཉམས་པར་བགྱིད
313a6 པར་རྔོ་མི་ཐོག་ལགས་སོ། །ཕན་ཚུན་ཐབ་མོ་དང་དམག་བགྱིད་པར་རྔོ་མི་ཐོག་ལགས་སོ། །ཁ་ཅིག་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། སྦྱོར་བ་ནས་ལོག་པར་ལྟ་བ་ལ་མི་སྦྱོར་བའི་བར་གྱི་ཆོས་དེ་དག་གིས་སེམས
313a7 ཅན་རྣམས་ཀྱི་སེམས་ལ་སྦྱོར་ལ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། གྲུལ་བུམ་དང་། མིའམ་ཅི་དང་། དྲི་ཟ་དང་། ཡི་དགས་དང་། ཤ་ཟ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། མི་འམ་མི་ཡིན་པ་དག་གིས་ཀྱང་སེམས
313a8 ཅན་རྣམས་ལ་གནོད་པ་དེ་ལྟ་བུ་དག་བགྱི་བར་རྔོ་མི་ཐོག་ལགས་སོ། །ཏདྱ་ཐཱ། ནཱ་བི་མ་ཧཱ་ནཱ་བི་ཀྵུ་ཀྵ་ར་ནཱ་བེ། ཨ་བིང་གུ་ནཱ་བེ། སཾ་ཤོ་ཥ་ན་ནཱ་བེ། ནི་རཱ་ཛ་ཁ་བྷེ། ཨ་བ་ར་མུ་ནི། ཏ་རུ་ཎ་རུ་ཧེ། ན་རཱ་པད་ཏྲེ། ཛ་བ་པྲ་མེ། མ་སུ་ར་ཏྲེ།




iiif viewer powered by OpenSeadragon

312b - 313b

Texts on this page

J173 - 'dus pa chen po theg pa chen po'i mdo sde las de bzhin gshegs pa'i dpal gyi dam tshig ces bya ba theg pa chen po'i mdo