| | e-texts navigator
|
312a1 ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་འཕེལ་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་རབ་ཏུ་འཛིན་པ་འཕེལ་བར་འགྱུར་རོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་རྟག
312a2 པར་དུས་སུ་དགོངས་པ་འཕེལ་བར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ལ་རྟག་ཏུ་དགེ་བའི་བཤེས་གཉེན་ཡིན་པར་འཛིན་པ་འཕེལ་བར་འགྱུར་རོ། །
312a3 རྫུ་འཕྲུལ་གྱི་རྐང་པས་རྣམ་པར་རྩེ་བར་འགྱུར་རོ། །ཉོན་མོངས་པ་ཐམས་ཅད་སྐྱེ་ཞིང་འཕེལ་བ་དང་། ལས་འཕེལ་བ་དག་ལས་ཀུན་ནས་སྒྲོལ་བར་བྱེད་དོ། །མྱ་ངན་ལས་འདས་པ་བླ་ན་མེད་པ་ལ་ཐུག་པའི་བར་དུ་དགེ་བའི་ཆོས
312a4 ཐམས་ཅད་ཀྱིས་ཉམས་པར་མི་འགྱུར་རོ། །ཡོངས་སུ་ཉམས་པར་མི་འགྱུར་རོ། །ཏད་ཡ་ཐཱ། སྭ་ར་བྲ་ཏེ། ན་ཡ་བྲ་ཏི། བིཥྛ་ཚ་ཏི། ཨ་ན་ཡ་བྲ་ཏི། ཤཱ་ར་ཎ་བྲ་ཏི། ཀུ་མུ་ད་བྲ་ཏི། ས~ཾ་ཙི་ར་བྲ་ཏི། ཚེ་ད་ས་ལ་བྲ་ཏི། ས་ར་བྲ་ཏེ། ས་ར་པ
312a5 རི་ཧཱ་རེ། ས་ར་བྲ་ཏ་པ་རི་ཧཱ་རེ། ནཱ་ཡ་ན་པྲ་ཏ་བ་རི་ཧཱ་རེ། བི་བི་དྷེ་ཀ་པ་རི་ཧཱ་རེ། ཡ་ཛྙཱ་པ་རི་ཧཱ་རེ། བིནྡུ་པ་རི་ཧཱ་རེ། ཛ་ལ་པ་རི་ཧཱ་རེ། ཀྵེ་ཏྲ་པ་རི་ཧཱ་རེ། ད་ཀྵ་པ་རི་ཧཱ་རེ། ས་ན་ས་པ་རི་ཧཱ་རེ། ཤྲ་བ་བཱ་ངྲཻ་། གོ་མ་ཡ་བ་ཎེ། མ་ད་ས་ཁེ།
312a6 སུ་ན་ཡཱ་ཌྷ་དྲ་ཛོ་མེ་ལ་བན་དེ་ཨ་ར་ཎ་ཛུ་ཥེ། ཁ་ར་བ་ཛཱ་བྷེ། ནཱ་རཱ་ཡ་ན་བི་ཛ་བྷེ། ཨུ་ར་ཀ་། ནི་མི་ཥེ། ཀུ་ཛ་ར་བྷེ། ཛ་ཧ་ནི་མ་བྷེ། ཀརྨ་བིར་ལེ། ཤྲ་མ་ས་ལི་ལཻ། ཁ་ཌ་ཀ་ཤ་མེ། ཨ་སི་ནཱི་མ། ཨགྣི་བྷ་དྲེ། ནངྒ་ཏུམྦུ་རེ། བ་ཡ་བེ། བ་རུ་ཎེ། ཀནྠ་ནི་བྲ། ཤ་ཀྲ
312a7 ཛྙཱ་ཡེ། ཨཾ་ན་ཚེ་བྱེ་ནརྀ་ན་ཡ། ནི་ལེ་ཏྲཻ་ཡདྡྷ། བུདྡྷ་ཨ་དྷིཥྠི་ཏེ་སྭཱ་ཧཱ། ན་རཱ་ཡ་ནི་ནི་ལ་ཡེ་སྭཱ་ཧཱ། ཙཀྲ་བརྟ་ཀྲ་མེ་སྭ་ཧཱ། བཅོམ་ལྡན་འདས་ཀྱིས་འབྱོར་བྱེད་ཆུ་ཁྱིམ་སྙིང་པོ་ཞེས་བྱ་བའི་གཟུངས་འདི་བསྟན་མ་ཐག་ཏུ
312a8 དེ་ནས་དེའི་མོད་ལ་ས་ཆེན་པོ་གཡོས་པར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་མི་མཇེད་ཐམས་ཅད་ཀྱི་ས་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ། །ཐམས་ཅད་དང་ལྡན་པའི་འཁོར་ཇི་སྙེད་ལྷགས་པ་རྣམས་ཀྱང་འདར་ཤིག
iiif viewer powered by OpenSeadragon
311b - 312b