| | e-texts navigator
|
131b1 པོ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་བཅུ་རྩ་བཞིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སླད་མའི་དུས་སླད་མའི་ཚེ་སྙིགས་མ་ལྔ་ལ
131b2 བབ་པ་ན་བདག་ཅག་གིས་མདོ་སྡེ་འདི་རྒྱས་པར་བགྱིའོ། །བཅོམ་ལྡན་འདས་གང་མདོ་སྡེ་འདི་ལ་མོས་པའི་སེམས་ཅན་དེ་ནི་ཡོངས་སུ་མྱ་ངན་ལས་འདས་པར་རིག་པར་བགྱིའོ། །བཅོམ་ལྡན་འདས་སེམས་ཅན་དགེ་བའི
131b3 རྩ་བ་མ་བསྐྱེད་པ་རྣམས་ཀྱི་རྣ་བར་མདོ་སྡེ་འདི་ཐོས་པར་མི་འགྱུར་ཏེ། གང་དག་རྒྱ་ཆེར་འཇུག་པ་དེ་དག་གི་ཡོན་ཏན་གྱི་མཐའ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དུ་རྟོགས་པར་དཀའ་ལགས་སོ། །དེ་ནས་བཅོམ
131b4 ལྡན་འདས་བྱང་ཆུབ་སེམས་དཔའ་དེ་དག་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། རིགས་ཀྱི་བུ་དག་ལེགས་སོ་ལེགས་སོ། །དེ་ལྟར་ཁྱེད་རྣམས་ཀྱིས་དེ་བཞིན་གཤེགས་པའི་བསྟན་པ་ལ་བརྡོས་པ་འཛིན་པ་ལྟ་བུར་གྱིས་ཤིག་།
131b5 བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་དང་། ཐམས་ཅད་དང་ལྡན་པའི་འཁོར་ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་དེ་དག
131b6 བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ། །འཕགས་པ་སེང་གེའི་སྒྲ་བསྒྲགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།
131b7 རྒྱ་གར་གི་མཁན་པོ་བིད་དྱཱ་ཀ་ར་སིང་ཧ་དང་། ལོ་ཙྪ་བ་བན་དྷེ་སྦ་རྗེ་ཡེ་ཤེས་སྙིང་པོས་བསྒྱུར་ནས་གཏན་ལ་ཕབ་པ། ། @#། །རྒྱ་གར་སྐད་དུ། ཨཱརྱ་ཤཱ་ལི་སམྦྷ་བ་ནཱ་མ་མ་ཧཱ་ཡཱ་ནཱ་སཱུ་ཏྲ། བོད་སྐད་དུ།
131b8 འཕགས་པ་སཱ་ལུའི་ལྗང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས
iiif viewer powered by OpenSeadragon
131a - 132a