e-texts navigator
Collection
Volume
Page
Wylie

108a1 སྨོན་ལམ་འདེབས་སོ། །དེ་ལ་ཚིག་ཕྱི་མ་ཡང་ཡོད་དེ། མགོ་བོ་ཡོངས་སུ་གཏོང་བ་ཡིས། བསོད་ནམས་བདག་ལ་ཅི་ཡོད་པ། དེས་ན་སེམས་ཅན་ཀུན་མཁྱེན་གྱི། །གོ་འཕང་མི་གཡོ་ཐོབ་གྱུར་ཅིག་།དེ་ལ
108a2 ལྤགས་ཤུན་ཡོངས་སུ་གཏོང་བའི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། ལྤགས་ཤུན་ཡོངས་སུ་གཏོང་བའི་སྦྱིན་པ་ཞེས་བྱ་བ་དེ
108a3 ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྤགས་པ་འཇམ་ཞིང་སྲབ་ལ་གསེར་གྱི་མདོག་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བའི་ཚིག་བླ་དགས་ཡིན་གྱིས། བདག་གིས་ལྤགས་ཤུན་ཡོངས་སུ་གཏོང་བའི་སྦྱིན
108a4 པ་སྦྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་ལྤགས་ཤུན་ཡོངས་སུ་གཏོང་བའི་སྦྱིན་པ་དེ་སྦྱིན་པ་ན། ལྤགས་ཤུན་ཡོངས་སུ་གཏོང་བའི་སྦྱིན་པ་འདིས་ན། བདག་སེམས་ཅན་ཐམས་ཅད་ཀྱི་ལྤགས་པ་འཇམ་ཞིང
108a5 སྲབ་ལ། གསེར་གྱི་ཁ་དོག་ལྟ་བུ་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་ཚིག་ཕྱི་མ་ཡང་ཡོད་དེ། ལྤགས་ཤུན་ཡོངས་སུ་བཏང་བ་ཡིས། །བདག་གིས་སུ་ནི་ལུས་ཅན་རྣམས། །
108a6 ལྤགས་ཤུན་ལུས་ལས་སྐྱེས་པ་དག་།འཇམ་སྲབ་གསེར་གྱི་མདོག་སྒྱུར་ཤོག་།དེ་ལ་ཤ་དང་ཁྲག་ཡོངས་སུ་གཏོང་བའི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ
108a7 སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། ཤ་དང་ཁྲག་ཡོངས་སུ་གཏོང་བའི་སྦྱིན་པ་ཞེས་བྱ་བ་དེ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོ་མེད་པ་ཐམས་ཅད་ལས་སྙིང་པོ་བླང་བའི་ཚིག་བླ་དགས་ཡིན་གྱིས། བདག་གིས
108a8 ཤ་དང་ཁྲག་ཡོངས་སུ་གཏོང་བའི་སྦྱིན་པ་སྦྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་ཤ་དང་ཁྲག་ཡོངས་སུ་གཏོང་བའི་སྦྱིན་པ་དེ་སྦྱིན་པ་ན། དེ་བཞིན་གཤེགས་པས་བསྐྱེད་པའི་སྨོན་ལམ་བཞིན་དུ། ཤ་དང་ཁྲག་ཡོངས་སུ




iiif viewer powered by OpenSeadragon

107b - 108b

Texts on this page

J126 - 'phags pa sbyin pa'i pha rol tu phyin pa zhes bya ba theg pa chen po'i mdo