| | e-texts navigator
|
9b1 བདག་པོ་ཚངས་པས་ང་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་དབྱེ་བར་གནང་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ
9b2 པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ། །དགེ་སློང་དག་དེ་སྐད་ཅེས་གསོལ་པ་དང་། ངས་མི་འཇེད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །
9b3 ཚངས་པ་ཞུ་བ་ལུང་བསྟན་པའི་ཕྱིར་དེ་བཞིན་གཤེགས་པས་རྟག་ཏུ་ཁྱོད་ལ་སྐབས་ཕྱེས། ཚངས་པ་ཁྱོད་ཅི་དང་ཅི་འདོད་པ་ཞུས་ཤིག་དང་། ཞུས་པ་དེ་དང་དེ་ཉིད་ཀྱི་ལུང་བསྟན་པས་ངས་ཁྱེད་ཀྱི་སེམས་རངས་པར་བྱའོ། །
9b4 དེ་ནས་ངས་སྐབས་ཕྱེ་བས་མི་འཇེད་ཀྱི་བདག་པོ་ཚངས་པས་ང་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་དུ་དང་ལྡན་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས
9b5 པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ལགས། དགེ་སློང་དག་དེ་སྐད་ཅེས་གསོལ་པ་དང་། ངས་མི་འཇེད་ཀྱི་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
9b6 དག་ཆོས་གཅིག་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །ཆོས་གཅིག་གང་ཞེ་ན། འདི་ལྟ་སྟེ་ལུས་ཀྱི་རྗེསུ་སོང་བའི་དྲན་པའོ། །དགེ་སློང་དག་མི་འཇེད་ཀྱི
9b7 བདག་པོ་ཚངས་པ་དེ་ལ་ལུས་ཀྱི་རྗེསུ་སོང་བ་དྲན་པའི་རྒྱུ་དང་། ལས་དང་འབྲས་བུ་ཡང་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །ལེགས་སོ་ལེགས་སོ་བཅོམ་ལྡན
9b8 འདས་ཀྱིས་མི་འཇེད་ཀྱི་བདག་པོ་ཚངས་པ་ལ་གང་བསྟན་པ་དེ་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བར་བགྱི་བའི་སླད་དུ་བཤད་དུ་གསོལ་དགེ་སློང་སར་པ
iiif viewer powered by OpenSeadragon
9a - 10a