e-texts navigator
Collection
Volume
Page
Wylie

79a1 རྒྱས་ཀྱི་ཆོས་ཐམས་ཅད་ལ་སྣང་བ་ཐོབ་པར་འགྱུར་ཏེ། དེའི་ཕྱིར་སྣང་བ་ཡོངས་སུ་དག་པ་ཞེས་བྱའོ། །ཆོས་ཐམས་ཅད་སྔོན་གྱི་མཐའ་ནས་ཡོངས་སུ་དག་པའོ། །ཆོས་ཐམས་ཅད་ཕྱི་མའི་མཐའ་ནས་ཡོངས་སུ་དག་པའོ། །
79a2 ཆོས་ཐམས་ཅད་ད་ལྟར་བྱུང་བའི་མཐའ་ནས་ཡོངས་སུ་དག་པ་སྟེ། འདི་ནི་དུས་གསུམ་ཡོངས་སུ་དག་པ་ཞེས་བྱའོ། །གང་ཡོངས་སུ་དག་པ་འདི་ནི་ནམ་དུ་ཡང་ཡོངས་སུ་མ་དག་པར་མི་འགྱུར་ཏེ། ཡོངས་སུ་དག་པ་གང་གིས་རང་བཞིན་གྱིས
79a3 ཡོངས་སུ་དག་པ་འདི་ནི་ཤིན་ཏུ་ཡོངས་སུ་དག་པ་སྟེ། དེའི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་ཞེས་བྱའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་དེ་གང་ཞེ་ན། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཅན་ཏེ་དམིགས་པ་དང
79a4 བྲལ་བའོ། །ཆོས་ཐམས་ཅད་ནི་མཚན་མ་མེད་པའི་རང་བཞིན་ཅན་ཏེ་རྟོག་པ་དང་རྣམ་པར་རྟོག་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་སྨོན་པ་མེད་པའི་རང་བཞིན་ཅན་ཏེ། བླང་བ་མེད་པ། དོར་བ་མེད་པ། བསམ་པ་མེད་པ། ནུས་པ་མེད་པ
79a5 ཤིན་ཏུ་ངོ་བོ་ཉིད་དང་བྲལ་བ་ཡིན་ཏེ། དེ་ནི་རང་བཞིན་གྱིས་འོད་གསལ་བའོ། །འཁོར་བའི་རང་བཞིན་གང་ཡིན་པ་ཏེ་མྱ་ངན་ལས་འདས་པའི་རང་བཞིན་ཡིན་ནོ། །མྱ་ངན་ལས་འདས་པའི་རང་བཞིན་གང་ཡིན་པ་དེ་ཆོས་ཐམས་ཅད་ཀྱི་རང་བཞིན
79a6 ཡིན་ཏེ། དེའི་ཕྱིར་སེམས་རང་བཞིན་གྱིས་འོད་གསལ་བ་ཞེས་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནམཁའ་བླ་གབ་མེད་པ་ཀུན་ནས་ཉོན་མོངས་པར་འགྱུར་བ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། རིགས་ཀྱི་བུ་དེ་བཞིན་དུ་སེམས་ཀྱི
79a7 རང་བཞིན་ཡང་ཀུན་ནས་ཉོན་མོངས་སུ་རུང་བ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནམཁའ་ལ་སྤྲིན་གྱི་ཕུང་པོའམ། དུ་བ་འམ། རྡུལ་དག་བྱུང་སྟེ། དེས་ནམཁའ་མི་མཛེས་ཤིང་ལྷམ་མེ
79a8 ལྷང་ངེར་མི་འགྱུར་མོད་ཀྱི་དེ་དག་གིས་ནམཁའི་རང་བཞིན་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །གལ་ཏེ་ནམཁའ་ཀུན་ནས་ཉོན་མོངས་སུ་ཟིན་ན་ཤིན་ཏུ་རྣམ་པར་དག་པར་མི་འགྱུར་ཏེ། འདི་ལྟར་ཀུན་ནས་ཉོན་མོངས།




iiif viewer powered by OpenSeadragon

78b - 79b

Texts on this page

J104 - 'phags pa tshangs pa khyad par sems kyis zhus pa zhes bya ba theg pa chen po'i mdo