e-texts navigator
Collection
Volume
Page
Wylie

66b1 གི་རྒྱུད་ལ་བདག་ཏུ་འཛིན་པས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་གཉིསུ་བྱེད་དེ། གཉིས་སུ་མེད་པ་ནི་ནམ་ཡང་གཉིས་སུ་མི་འགྱུར་རོ། །ཇི་ཙམ་དུ་མང་དུ་གཉིསུ་བྱས་ཀྱང་གཉིསུ་མེད་པའི་མཐའ་ལ་གཉིསུ་མེད་དོ། །སྨྲས
66b2 པ། འཇམ་དཔལ་གཉིསུ་མེད་པ་ཅི་རྣམ་པར་རིག་པར་བྱེད། སྨྲས་པ། གལ་ཏེ་རྣམ་པར་རིག་པར་བྱེད་དེ་གཉིས་སུ་མེད་པ་མ་ཡིན་པར་འགྱུར་ཏེ། གཉིས་སུ་མེད་པ་ནི་རྣམ་པར་རིག་པ་མེད་པའོ། །ཚངས་པ་གཉིས
66b3 ཞེས་བྱ་བ་ནི་རྣམ་པར་རིག་པའོ། །དེ་བཞིན་གཤེགས་པས་ནི་རྣམ་པར་རིག་པ་མེད་པར་ཆོས་སྟོན་ཏེ། ཆོས་དེ་ཡང་ཇི་ལྟར་སྟོན་པ་དེ་བཞིན་དུ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་ཡི་གེ་མེད་པའི་ཕྱིར་རོ། །སྨྲས་པ།
66b4 འཇམ་དཔལ་དེ་བཞིན་གཤེགས་པས་ཆོས་བསྟན་པ་གང་དུ་འགྲོ། སྨྲས་པ། ཚངས་པ་དེ་བཞིན་གཤེགས་པས་ཆོས་བསྟན་པ་ནི་འགྲོ་བ་མེད་པར་འགྲོའོ། །སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པས་མྱ་ངན
66b5 ལས་འདས་པར་འགྲོ་བའི་ཆོས་མ་བསྟན་ཏམ། སྨྲས་པ། ཅི་མྱ་ངན་ལས་འདས་པ་ལ་འགྲོ་བ་འམ། འོང་བར་དམིགས་སམ། སྨྲས་པ། མྱ་ངན་ལས་འདས་པ་ལ་འོང་བ་ཡང་མེད་འགྲོ་བ་ཡང་མེད་དོ། །སྨྲས་པ། ཚངས
66b6 པ་དེ་ལྟ་བས་ན་དེ་བཞིན་གཤེགས་པས་འགྲོ་བ་མེད་པར་འགྲོ་བའི་ཆོས་བསྟན་ཏོ། །སྨྲས་པ། ཇི་ལྟར་ཐོས། སྨྲས་པ། ཇི་ལྟར་བརྗོད་པ་བཞིན་དུའོ། །སྨྲས་པ། ཇི་ལྟ་བུར་བརྗོད། སྨྲས་པ། ཇི་ལྟར་རྣམ་པར་རིག་པ་མེད
66b7 པ་དང་ཐོས་པ་མེད་པ་བཞིན་ནོ། །སྨྲས་པ། དེ་བཞིན་གཤེགས་པའི་ཆོས་ཉན་པ་གང་ཡིན། སྨྲས་པ། གང་ཡུལ་ལ་ཟག་པ་མེད་པ་རྣམས་སོ། །སྨྲས་པ། ཆོས་འདི་སུས་ཤེས་པར་འགྱུར། སྨྲས་པ། གང་རྩོད་པར་མི
66b8 འགྱུར་བ་དང་། ཤེས་པར་མི་འགྱུར་བ་དང་། རྗེསུ་ཤེས་པར་མི་འགྱུར་བ་རྣམས་སོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་དགེ་སློང་རྩོད་པ་མང་བ་ཡིན། སྨྲས་པ། འདི་ནི་རིགས་སོ། །འདི་ནི་མི་རིགས་སོ་ཞེས་བྱ་བ་འདི་ནི་རྩོད་པའོ། །




iiif viewer powered by OpenSeadragon

66a - 67a

Texts on this page

J104 - 'phags pa tshangs pa khyad par sems kyis zhus pa zhes bya ba theg pa chen po'i mdo