e-texts navigator
Collection
Volume
Page
Wylie

63a1 གང་དམིགས་པ་ཐམས་ཅད་རབ་ཏུ་ཞི་བ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ཡུལ་རྣམས་ལ་རྨས་པར་མི་འགྱུར་བ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །གང་ཆོས་ཐམས་ཅད་དབེན་པ་དེ་ནི་བརྩོན་འགྲུས་ཀྱི
63a2 ཕ་རོལ་ཏུ་ཕྱིན་པའོ། །གང་ཡིད་ལ་བྱེད་པ་ཐམས་ཅད་ལ་མི་འཇུག་པ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །གང་རང་བཞིན་གྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚངས་པ་དེ་ལྟར་དེ་བཞིན
63a3 གཤེགས་པ་མར་མེ་མཛད་ལས་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངསུ་རྫོགས་པར་བྱས་སོ། །ཚངས་པ་གང་སེམས་དང་པོ་བསྐྱེད་པ་ཚུན་ཆད་ཀྱི་སྦྱིན་པ་ཡོངསུ་གཏོང་བ་དེ་ནི་ཕྱིས་མི་དམིགས་པས་སྦྱིན་པ་ཡོངསུ་གཏོང་བ་དེ་ལ་རྒྱའི
63a4 ཆར་ཡང་ཉེ་བར་མི་འགྲོ་བ་ནས་དཔེའི་བར་དུ་ཡང་ཉེ་བར་མི་འགྲོའོ། །གང་དང་པོའི་ཚུལ་ཁྲིམས་བསླབ་པ་དང་། སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པའི་ཚུལ་ཁྲིམས་དེ་ནི་ཤིན་ཏུ་སྦྱངས་པའི་ཚུལ་ཁྲིམས་དེ་ལ་དཔེའི་བར
63a5 དུ་ཡང་ཉེ་བར་མི་འགྲོའོ། །གང་སེམས་དང་པོ་བསྐྱེད་པ་ཚུན་ཅད་ཀྱི་བཟོད་པ་དང་། དེས་པ་དེ་ནི་ཤིན་ཏུ་བཟོད་པའི་ཆོས་ཉིད་དེ་ལ་རྒྱུར་ཡང་ཉེ་བར་མི་འགྲོའོ། །གང་སེམས་དང་པོ་བསྐྱེད་པ་ཚུན་ཅད་ནས་བཟུང་སྟེ། བརྩོན་འགྲུས
63a6 བརྩམ་པ་དེ་ནི་བླང་བ་མེད་པ་དང་། དོར་བ་མེད་པའི་བརྩོན་འགྲུས་དེ་ལ་དཔེའི་བར་དུ་ཡང་ཉེ་བར་མི་འགྲོའོ། །གང་སེམས་དང་པོ་བསྐྱེད་པ་ཚུན་ཅད་ཀྱི་བསམ་གཏན་རབ་ཏུ་དབེན་པར་གནས་པ་དེ་ནི་རབ་ཏུ་ཞི་བ་མཚན་མ་མེད་པ་དེ
63a7 ལ་དཔེའི་བར་དུ་ཡང་ཉེ་བར་མི་འགྲོའོ། །ཚངས་པ་གང་སེམས་དང་པོ་བསྐྱེད་པ་ཚུན་ཅད་ཀྱི་ཤེས་རབ་ཀྱིས་སོ་སོར་རྟོགས་པ་དེ་ནི་སྤྲོས་པ་མེད་པའི་ཤེས་རབ་དེ་ལ་དཔེའི་བར་དུ་ཡང་ཉེ་བར་མི་འགྲོ་སྟེ། དེ་བས་ན་ཚངས་པ་རྣམ་གྲངས
63a8 འདིས་འདི་ལྟར་ངས་དེའི་ཚེ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངསུ་རྫོགས་པར་བྱས་སོ་ཞེས་བྱ་བ་དེ་ལྟར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངསུ་རྫོགས་པ་ལགས། བཀའ་སྩལ་པ།




iiif viewer powered by OpenSeadragon

62b - 63b

Texts on this page

J104 - 'phags pa tshangs pa khyad par sems kyis zhus pa zhes bya ba theg pa chen po'i mdo