e-texts navigator
Collection
Volume
Page
Wylie

62b1 གཤེགས་པ་སྟོང་ཕྲག་སུམ་བཅུ་རྩ་བཞི་ལ་ངས་བཀུར་སྟིར་བྱས། བཙུན་པར་བྱས། རི་མོར་བྱས། མཆོད་པར་བྱས་ཀྱང་དེ་བཞིན་གཤེགས་པ་དེ་དག་གིས་ང་ལུང་མ་བསྟན་ཏོ། །ཚངས་པ་ངས་གང་རྣམས་ལ་རི་མོར་བྱས་པ་དང་།
62b2 མཆོད་པར་བྱས་པ་དང་། བཀུར་སྟིར་བྱས་པ་དང་། བཙུན་པར་བྱས་པ་དང་། གང་ལས་ངས་ཚངས་པར་སྤྱོད་པ་སྤྱད་པ་དང་། ངས་བདོག་པ་ཐམས་ཅད་ཡོངསུ་གཏོང་བར་བྱས་པ་དང་། ཚུལ་ཁྲིམས་དང་སྦྱངས་པའི་ཡོན་ཏན་ཡང་དག
62b3 པར་བཟུང་བས་ངས་བླངས་པ་དང་། ངས་ཁྲོ་བའི་ཐ་བ་དང་། ཕྲག་དོག་དང་། ང་རྒྱལ་དང་། འཆབ་པ་མེད་པར་བྱས་ནས་ངས་བཟོད་པ་དང་བྱམས་པ་སྒོམ་པ་དང་། བསམ་གཏན་དང་། རབ་ཏུ་དབེན་པར་སྤྱོད་པ་དང་། དབེན་པར་གནས
62b4 མལ་འཆའ་བ་དང་། ཟས་དང་སྒྲའི་རྗེས་སུ་འགྲོ་བའི་དྲི་བ་ཡོངསུ་དྲིས་པ་དང་། དེ་བྱེད་པའི་བརྩོན་འགྲུས་ཀྱིས་ཐོས་པ་ཐམས་ཅད་ཁོང་དུ་ཆུད་པར་བྱས་པའི་དེ་བཞིན་གཤེགས་པ་དེ་དག་གིས་མིང་ཡང་བསྐལ་པ་འམ། བསྐལ་པ་ལས་ལྷག
62b5 པར་བརྗོད་དུ་ཡོད་ཀྱང་དེ་བཞིན་གཤེགས་པ་དེ་དག་གི་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཚངས་པ་འདི་ལྟར་ང་སྤྱོད་པ་ལ་གནས་པར་གྱུར་ཏེ། དེ་བས་ན་ཚངས་པ་རྣམ་གྲངས་འདིས
62b6 ཀྱང་ཅི་ནས་བྱང་ཆུབ་སེམས་དཔའ་སྤྱོད་པ་ཐམས་ཅད་ལས་འདས་པ་རྣམས་ལ་ལུང་བསྟན་པ་ཡིན་པར་དེ་ལྟར་རིག་པར་བྱའོ། །ཚངས་པ་གང་གི་ཚེ་ངས་དེ་བཞིན་གཤེགས་པ་མར་མེ་མཛད་མཐོང་མ་ཐག་དུ་མི་སྐྱེ་བའི་ཆོས་ལ་བཟོད
62b7 པ་ཐོབ་པོ། །དེ་ནས་གདོད་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་ང་ལ་ཁྱོད་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་ན་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱསུ་འགྱུར
62b8 རོ་ཞེས་ལུང་བསྟན་ཏེ། དེ་ནས་ང་སྤྱོད་པ་ཐམས་ཅད་ལས་འདས་སོ། །དེ་ནས་ངའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངསུ་རྫོགས་སོ། །དེ་ཅིའི་ཕྱིར་ཞེ་ན། གང་མཚན་མ་ཐམས་ཅད་ཡོངསུ་གཏོང་བ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །




iiif viewer powered by OpenSeadragon

62a - 63a

Texts on this page

J104 - 'phags pa tshangs pa khyad par sems kyis zhus pa zhes bya ba theg pa chen po'i mdo